ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་ས་གནས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚེས་བཅོ་བརྒྱད་དང་ཚེས་བཅུ་དགུ་ཉིན་གཉིས་ལ་པེ་ཅིན་ནས་ཚོགས་པའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་ས་གནས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་ཐེབས། ཚང་མས་བཤད་རྒྱུར། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བར་བསྐྱོད་དེ་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་རྣམ་པ་གསར་བ་གསར་སྐྲུན་བྱེད་པ་ཡིན་ཟེར།

རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ཀྱི་མཛུབ་ཁྲིད་འོག ས་གནས་སོ་སོ་རུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལག་བསྟར་བྱེད་བཞིན་ཡོད། ནང་སོག་ཞི་ལིན་གོ་ལེ་མིན་གྱིས་བརྒྱ་ཆའི་གྱ་ལྔའི་གཞི་ཁྱོན་དེ་སྐྱེ་ཁམས་དམར་མཚམས་སྲུང་སྐྱོབ་ཁྱབ་ཁོངས་སུ་བཞག་པ་དང་། རིམ་པ་བཞིའི་དོ་དམ་སྲུང་སྐྱོབ་དྲ་རྒྱ་བརྒྱུད་དེ་རྩྭ་ས་སྲུང་སྐྱོབ་བྱེད་པའི་ཡུན་རིང་ཕན་འབྲས་ལྡན་པའི་བཅོས་སྐྱོང་རྐྱེན་སྲོག་ཆགས། ཨན་ཧོས་ནས་ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཞང་། སྡེ་བ་བཅས་ཀྱི་འགོ་ཁྲིད་པ་གཙོ་བོས་ནགས་སྲུང་གི་འགོ་གཙོའི་འགན་འཁུར་ཏེ། རི་སྒང་དང་ནགས་ཚལ་སྲུང་སྐྱོབ་བྱེད་པའི་ལས་འགན་འགན་སྲུང་བྱས། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་ས་ཁུལ་དུ་མཉམ་འབྲེལ་མཉམ་སྲུང་བྱས་པ་བརྒྱུད་དེ་མཁའ་དབུགས་བཙོག་བཟོ་འགོག་བཅོས་བྱ་བ་རིམ་བཞིན་ཞིབ་ཕྲ་ཅན་དུ་བསྒྱུར།

དེང་སྐབས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ལ་བྱས་རྗེས་བཞག་ན་ལོ་ངོ་སྟོང་ཕྲག་བར་དུ་ཁེ་ཕན་ཐོབ་སྲིད། ཚང་མས་བཤད་རྒྱུར། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་བློ་ཐག་རྦད་ཆོད་སྒོས་བཙོག་བཟོ་འགོག་བཅོས་འཐབ་ཇུས་ལག་བསྟར་བཟང་བོ་བྱས་ནས། མི་རེ་རེར་མཛེས་པའི་ཀྲུང་གོ་ལོངས་སུ་སྤྱོད་དུ་འཇུག་ངེས་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།