ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལྔ་བའི་བཅུ་དགུ་ཉིན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལྔ་བའི་བཅུ་དགུ་ཉིན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཚེས་བཅུ་དགུ་ཉིན་པེ་ཅིན་ནས་བསྡུས། རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཀྲའོ་ཁི་ཀྲི་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་སྟེང་ཀྲའོ་ཁི་ཀྲི་ཡིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ན་ནིང་ལྔ་བའི་ཚེས་བཅུ་དགུ་ཉིན་རྒྱལ་ཡོངས་སྤྱི་བདེ་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་ལེགས་ཅན་གྱི་བྱས་རྗེས་འཇོག་པའི་ཐུན་མོང་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གྱི་འཐུས་མིར་མཇལ་འཕྲད་གནང་སྐབས་གསུང་བཤད་གལ་ཆེན་གནང་སྟེ། དུས་རབས་གསར་བའི་སྤྱི་བདེ་བྱ་བ་དང་སྤྱི་བདེ་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པར་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། འདུ་ཤེས་བཞི་དམ་པོར་བཅངས་ཏེ། ཏང་ལ་བློ་དཀར་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། དྲང་བདེན་གྱི་སྒོ་ནས་ཁྲིམས་འཛིན་པ། སྒྲིག་ཁྲིམས་ནན་མོ་བྱེད་པ་བཅས་ཀྱི་སྤྱིའི་རེ་བ་ལྷག་བསམ་རྣམ་དག་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྟོབས་ལྡན་ཉེན་རྟོག་བགྲོད་ལམ་བློ་བརྟན་འགྱུར་མེད་སྒོས་རྒྱུན་འཁྱོངས་བྱེད་དགོས་ལ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཏང་དང་མི་དམངས་ཡིད་ཚིམས་པའི་སྤྱི་བདེ་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས་པར་མ་ཟད། ཏང་གི་སྤྱི་བདེ་བྱ་བའི་མཐའ་གཅིག་གི་འགོ་ཁྲིད་བློ་བརྟན་འགྱུར་མེད་སྒོས་རྒྱུན་འཁྱོངས་བྱེད་པ་དང་། ཏང་ལ་ཧ་ཅང་བློ་དཀར་བའི་ཆབ་སྲིད་སྲོག་ཤིང་དམ་པོར་བཅངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱེད་དགོས། མི་དམངས་སྤྱི་བདེས་མི་དམངས་ཀྱི་དོན་དུ་གཉེར་བའི་ཐོག་མའི་འགན་འཁྲི་དམ་པོར་བཅངས་ཏེ། ཚད་ལྡན་དང་དྲང་བདེན། དཔལ་ཡོན་བཅས་ཀྱི་སྒོ་ནས་ཁྲིམས་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་འགལ་གྱི་ནག་ཉེས་བྱ་འགུལ་སྣ་ཚོགས་ཆམ་ཕབ་དྲག་པོ་གཏོང་བ། སྟོབས་ཤུགས་ཡོད་རྒུས་སྒྲིག་ཁྲིམས་དང་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། དུས་རབས་གསར་བའི་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གཙོ་བོ་དངོས་སུ་ཁུར་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།