ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས«རྒྱ་ཆེའི་ལས་བྱེད་པས་དུས་རབས་གསར་པའི་ཁག་ཁུར་གསར་བ་དང་བྱས་རྗེས་གསར་བ་འཇོག་པར་སྔར་ལས་སྐུལ་མ་གཏོང་བའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས«རྒྱ་ཆེའི་ལས་བྱེད་པས་དུས་རབས་གསར་པའི་ཁག་ཁུར་གསར་བ་དང་བྱས་རྗེས་གསར་བ་འཇོག་པར་སྔར་ལས་སྐུལ་མ་གཏོང་བའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས་པར་མ་ཟད། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོ་ལས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས་ཀྱིས་ཤུགས་ཆེན་པོས་ལས་བྱེད་པའི་བསམ་བློ་སློབ་གསོར་ཤུགས་སྣོན་ཞིང་རྒྱ་ཆེའི་ལས་བྱེད་པས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བར་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ་དང་། ཆབ་སྲིད་ཀྱི་ཁག་ཁུར་དང་ལོ་རྒྱུས་ཀྱི་ཁག་ཁུར། འགན་འཁྲིའི་ཁག་ཁུར་ཇེ་དྲག་ཏུ་བཏང་ནས། ཧུར་ཐག་སྒོས་དུས་རབས་གསར་པར་གཏོགས་པའི་འོད་སྟོང་འབར་བའི་བྱས་རྗེས་གསར་སྐྲུན་བྱེད་དགོས་ཟེར། 
བརྡ་ཐོའི་ནང་དུ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་བསམ་འཆར་ནང་གི་གནས་ཚུལ་དང་གྲོས་གཞི་གལ་ཆེན་ལག་བསྟར་ནན་མོ་བྱས་ཏེ་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་ཞུ་བྱེད་དགོས་པའི་རེ་བ་བཏོན།

རྒྱ་ཆེའི་ལས་བྱེད་པས་དུས་རབས་གསར་པའི་ཁག་ཁུར་གསར་བ་དང་བྱས་རྗེས་གསར་བ་འཇོག་པར་སྔར་ལས་སྐུལ་མ་གཏོང་བའི་སྐོར་གྱི་བསམ་འཆར་ནང་དུ་ཕྱོགས་བདུན་འདུས་ཡོད། གཅིག ཤུགས་ཆེན་པོས་ལས་བྱེད་པས་བྱས་རྗེས་གསར་བ་འཇོག་པ་དང་ལས་སྐྲུན་ལས་སྤེལ་བྱེད་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས། གཉིས། དོན་དངོས་ཀྱི་བྱ་བར་བྱས་རྗེས་འཇོག་པའི་མི་བཀོལ་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། གསུམ། ལས་བྱེད་པས་དཔྱད་ཞིབ་གདེང་འཇོག་བྱེད་པར་སྟབས་བདེ་སྲིད་ཇུས་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། བཞི། སྤོབས་པ་ཆེན་པོས་ཁག་ཁུར་བྱེད་པའི་ལས་བྱེད་པར་རྒྱབ་སྐྱོར་དང་རོགས་འདེགས་བྱེད་དགོས། ལྔ། ལས་བྱེད་པའི་དུས་རབས་གསར་པའི་འཕེལ་རྒྱས་རེ་བ་དང་མཐུན་པའི་ནུས་པ་ཇེ་ཆེར་གཏོང་དགོས། དྲུག སྤྲོ་སེམས་ཆེན་པོས་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས། བདུན། གསར་སྐྲུན་ལས་སྐྲུན་གྱི་སྟོབས་ལྡན་མཉམ་ཤུགས་ཆགས་པར་བྱེད་དགོས་པ་བཅས་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།