ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ཧྭ་ཧྲིན་ཏུང་ནས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ཐད་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས19ཉིན། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ཧྭ་ཧྲིན་ཏུང་ནས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ཐད་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ།

གསལ་སྒྲོག་ནང་བཀོད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཐི་ལང་ཕུའུ་རྣམ་གཉིས་ཀྱི་མཛུབ་སྟོན་ལྟར། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་བའི་ཚེས་བཅུ་བདུན་དང་ཚེས་བཅོ་བརྒྱད་ཉིན་གཉིས་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངག་ཕོ་ཉ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཧི་ཡིས་ཁྲིད་པའི་ཀྲུང་གོ་ཕྱོགས་ཀྱི་འཐུས་ཚད་ཚོགས་པ་དང་ནོར་སྲིད་པུའུ་ཀྲང་མུའུ་ནུའུ་ཆན་དང་ཚོང་དོན་ཕུའུ་ཀྲང་ལོ་སི། ཉོ་ཚོང་འཐུས་ཚབ་ལེ་ཐི་ཞི་ཙི་སོགས་ཁོངས་མིས་གྲུབ་པའི་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་ཉོ་ཚོང་གནད་དོན་ཐད་ལ་འཛུགས་སྐྲུན་རང་བཞིན་གྱི་གྲོས་མོལ་བྱས།

ཕྱོགས་གཉིས་ཀ་དོན་སྙིང་ཡོད་པའི་སྒོ་ནས་ཨ་མེ་རི་ཁའི་ཞིང་ཐོན་དངོས་རྫས་དང་ནུས་ཁུངས་ཕྱིར་གཏོང་ཇེ་མང་དུ་གཏོང་བ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོར་ཚོགས་པ་མངགས་ཏེ་བྱེ་བྲག་གི་དོན་དག་ལ་གྲོས་བསྡུར་བྱེད་པར་འཐད་པ་བྱུང་།

ཕྱོགས་གཉིས་ཀྱིས་གསར་བཟོ་ལས་རིགས་ཐོན་རྫས་དང་ཞབས་ཕྱིའི་ཉོ་ཚོང་རྒྱ་བསྐྱེད་པར་གྲོས་བསྡུར་བྱས་པ་དང་ནུས་ལྡན་ཆ་རྐྱེན་གསར་སྐྲུན་བྱས་ཏེ་གོང་གི་ཁྱབ་ཁོངས་ཀྱི་ཉོ་ཚོང་ཇེ་མང་དུ་གཏོང་བར་ཐུན་མོང་གི་ལྟ་ཚུལ་བཏོན།

ཕྱོགས་གཉིས་ཀྱིས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་མཉམ་ལས་ལ་ཤུགས་སྣོན་པར་འཐད་པ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཆེད་ཁེའི་བདག་དབང་དང་བཅས་པའི་འབྲེལ་ཡོད་བཅའ་ཁྲིམས་དང་སྒྲིག་སྲོལ་བཟོ་བཅོས་བྱ་བར་སྐུལ་འདེད་གཏོང་ངེས་ཡིན།

ཕྱོགས་གཉིས་ཀ་ཕན་ཚུན་ལ་མ་དངུལ་གཏོང་བར་སྐུལ་མ་གཏོང་བ་དང་ཧུར་ཐག་སྒོས་འདྲ་མཉམ་འགྲན་རྩོད་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱེད་པར་འཐད་པ་བྱུང་། 
ཕྱོགས་གཉིས་ཀ་མུ་མཐུད་དུ་དེའི་ཐད་ནས་འབྲེལ་འདྲིས་དམ་པོ་བྱས་ཏེ། ཧུར་ཐག་སྒོས་རང་རང་གིས་ཡིད་འཇོག་བྱེད་པའི་དཔལ་འབྱོར་ཉོ་ཚོང་གནད་དོན་ཐག་གཅོད་པའི་ཐབས་ལམ་འཚོལ་ཞིབ་བྱེད་པར་འཐད་པ་བྱུང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།