ཀྲུང་གོ་བོད་ཀྱི་དྲ་བ།

ཡུག་ཆོན་གྱིས་ཞང་ཀང་བཟོ་ལས་སྤྱིའི་ཚོགས་པའི་པེ་ཅིན་འཚམས་འདྲི་ཚོགས་པར་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་གྱིས་པེ་ཅིན་ནས་ཞིང་ཀང་བཟོ་ལས་སྤྱིའི་ཚོགས་པའི་པེ་ཅིན་འཚམས་འདྲི་ཚོགས་པར་ཐུག་འཕྲད་བྱས།

ཡུག་ཆོན་གྱིས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་ཚུགས་པའི་ལོ་ཡིན་ལ། ཞང་ཀང་སྟོབས་ཤུགས་གཅིག་བསྡུས་འཕེལ་རྒྱས་ཀྱི་གནད་འགག་གི་ལོ་ཡང་ཡིན་པས། ཀྲུང་དབྱང་གིས་ཞང་ཀང་དར་རྒྱས་གོང་འཕེལ་དུ་གཏོང་བ་དང་། རྒྱལ་ཁབ་འཐབ་ཇུས་ཁྱོན་ཡོངས་ཁྲོད་ཀྱི་ནུས་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཞང་ཀང་གིས་དུས་རབས་གསར་བར་རྐང་ཚུགས་ཏེ། གོ་སྐབས་གསར་བ་དམ་འཛིན་བྱེད་པ་དང་གྲུབ་འབྲས་གསར་བ་ལེན་ཐུབ་པར་ཡིད་ཆེས་ཡོད། ཞང་ཀང་བཟོ་ལས་སྤྱིའི་ཚོགས་པས་རྒྱལ་གཅེས་ཀང་གཅེས་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རང་ཉིད་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། རྒྱལ་གཅེས་ཀང་གཅེས་ཀྱི་དྲང་ཕྱོགས་ཀྱི་ནུས་ཚད་གཅིག་ཏུ་བསྡུ་བ་དང་། སྟོབས་ཤུགས་ཡོད་རྒུས་སྲིད་འཛིན་དཔོན་པོ་དང་དམིགས་བསལ་ས་ཁུལ་སྲིད་གཞུང་གི་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་བྱས་ཏེ། ཞང་ཀང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་ཁྲོད་ཞུགས་པར་སྐུལ་འདེད་གཏོང་བར་རེ་བ་བྱེད་ཀྱིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།