ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གི་གསུང་བཤད་ནང་གི་གཏམ་དཔེ་》དེབ་གཉིས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་དམངས་ཉིན་རེའི་ཚགས་པར་ཁང་གིས་སྒྲིག་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པའི་《ཞི་ཅིན་ཕིང་གི་གསུང་བཤད་ནང་གི་གཏམ་དཔེ་》དེབ་གཉིས་པ་ཉེ་ཆར་མི་དམངས་ཉིན་རེའི་ཚགས་པར་ཁང་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་ཡོངས་བསྒྲགས་འགྲེམས་སྤེལ་བྱས་པ་རེད།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་སྟོབས་ཆེའི་བསམ་བློའི་མཚོན་ཆ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དང་གསུང་རྩོམ་གྱིས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་དང་དོན་དངོས་གནད་དོན་གལ་ཆེན་ལ་ལན་བཏབ་ཡོད་པས་ཏང་སྐྱོང་རྒྱལ་སྐྱོང་དང་ནང་སྲིད་ཕྱི་འབྲེལ་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་གཞིག་ནན་པོ་མཚོན་ཡོད། གསུང་བཤད་དང་གསུང་རྩོམ་དེ་དག་ནང་སྙན་འཇེབས་ལྡན་ལ་ཡིད་དབང་འཕྲོག་པའི་གཏམ་དཔེ་དྲངས་ཏེ་གནའ་དེང་གཅིག་ཏུ་འབྲེལ་གནང་ཡོད། གསུང་བཤད་ནང་གི་གཏམ་དཔེ་དེ་དག་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འབྱུང་ཁུངས་འདེད་ཐུབ་ལ་གནའ་བཟང་དེང་སྤྱོད་ཀྱི་གསར་གཏོད་རང་བཞིན་གྱི་བརྒྱུད་རིམ་ནང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱ་ཆེ་གཏིང་ཟབ་ཡིན་པ་མྱོང་ཚོར་ཐུབ་ཀྱི་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏམ་དཔེ་དྲངས་པའི་དོན་དངོས་དོན་སྙིང་རྒྱས་བཤད་བྱས་པའི་《ཞི་ཅིན་ཕིང་གི་གསུང་བཤད་ནང་གི་གཏམ་དཔེ་》2015ལོའི་ཟླ2པར་དཔེ་སྐྲུན་འགྲེམས་སྤེལ་བྱས་ཚུན། དབྱིན་ཇི་དང་། ཧྥ་རན་སེ། ཨུ་རུ་སུ། རི་པིན། ཕོར་ཐིའུ་ཀལ་སོགས་པར་གཞི14ཡིག་སྒྱུར་བྱས་ཡོད་པ་དང་། རིམ་རྩིས་ལྟར་ན། དཔེ་དེབ་ཁྲི200ཙམ་འགྲེམས་སྤེལ་བྱས་ཡོད་པ་རེད། 《ཞི་ཅིན་ཕིང་གི་གསུང་བཤད་ནང་གི་གཏམ་དཔེ་》དེབ་གཉིས་པའི་ནང་《ཞི་ཅིན་ཕིང་གི་གསུང་བཤད་ནང་གི་གཏམ་དཔེ་》དེབ་དང་པོའི་སྒྲིག་སྟངས་རྒྱུན་འཁྱོངས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་བའི་ལོ་ཤས་ནང་འདྲེན་སྤྱོད་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཚོན་པའི་གཏམ་དཔེ148བསྡུས་ཏེ་དེའི་དངོས་མཚོན་དོན་སྙིང་དང་རྒྱབ་ལྗོངས་ཀྱི་ནང་དོན་དང་གནས་ལུགས་ཐད་འཆད་འགྲེལ་དང་གསལ་འགྲེལ་བྱས་ཡོད་པས་འདི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་ལེན་པའི་ཀློག་དེབ་གལ་ཆེན་ཞིག་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།