ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱུད་རིམ་རང་བཞིན་གྱི་དངུལ་ལོར་ཉེན་ཁ་སྔོན་འགོག་མ་ལག་འཐུས་ཚང་དུ་གཏོང་བའི་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

29d9f9f2c0bf68db4c47ad0d7641bd2c.jpg

ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་རྒྱུད་རིམ་རང་བཞིན་གྱི་དངུལ་ལོར་ཉེན་ཁ་སྔོན་འགོག་མ་ལག་འཐུས་ཚང་དུ་གཏོང་བའི་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་བཅོ་ལྔ་ཉིན་པེ་ཅིན་ནས་རྒྱུད་རིམ་རང་བཞིན་གྱི་དངུལ་ལོར་ཉེན་ཁ་སྔོན་འགོག་མ་ལག་འཐུས་ཚང་དུ་གཏོང་བའི་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། གྲོས་ཚོགས་སྟེང་ཁོང་གིས་ནན་གྱིས་གསུངས་རྒྱུར། དངུལ་ལོར་ཉེན་ཁ་ཚོད་འཛིན་བྱེད་པ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁྱོན་ཡོངས་ཀྱི་འཕེལ་རྒྱས། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་བཅས་དང་འབྲེལ་བ་ཡོད་ལ། རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ངེས་པར་དུ་འགལ་གཏོར་བྱེད་པའི་ཕྱོགས་གཙོ་ཡིན་པར་མ་ཟད། ངེས་པར་དུ་རྒྱལ་ཁ་ལེན་པར་བྱེད་པའི་མཁྲེགས་གཏོར་འཐབ་འཛིང་ཞིག་ཀྱང་ཡིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཆེད་དོན་བཞུགས་མོལ་ཚོགས་འདུ་ཐེངས་དང་པོས་གྲོས་དོན་དེར་དམིགས་ནས་བཞུགས་མོལ་བྱེད་པ་ནི་མི་དམངས་སྲིད་གྲོས་ཀྱིས་དཀྱིལ་སྙིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཕྱི་སྒྲུབ་པའི་མཚོན་བྱེད་ཅིག་ཡིན་པས། སྲིད་གྲོས་གྲོས་མོལ་སྟེགས་བུའི་བློ་འདོན་ཇུས་འབུལ་བྱེད་པ་དང་ཏང་དང་སྲིད་གཞུང་གི་སྲིད་ཇུས་དང་འདོད་བློ་དྲིལ་སྒྲོག་བྱེད་པ། ཐུན་མོང་གི་ལྟ་བ་གཅིག་བསྡུ་བྱེད་པའི་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱས་ནས། ཆེད་དོན་གྲོས་མོལ་ཚོགས་འདུའི་དམངས་གཙོའི་རྣམ་པ་དེ་རྒྱུན་འཁྱོངས་བཟང་བོ་དང་འཕེལ་རྒྱས་བཟང་བོ། འཐུས་ཚང་བཟང་བོ་བཅས་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་ཨུ་ཡོན་ཉེར་བཞིས་གཏམ་བཤད། ཨུ་ཡོན་རྣམས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བརྟན་པོར་བཅངས་པ་དང་ལག་ལེན་མཐར་ཕྱིན་བྱས་ནས། བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། དངུལ་ལོར་ཞབས་ཕྱིའི་དངོས་གཟིགས་དཔལ་འབྱོར་གྱི་གཞི་རྩའི་དམིགས་འབེན་རྒྱུན་འཁྱོངས་བྱས་ནས། དཔལ་འབྱོར་དང་དངུལ་ལོར་བརྟན་འཇགས་སྒོས་འཁོར་རྒྱུག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཉེན་ཁ་རིམ་བཞིན་མེད་པར་གཏོང་དགོས་པའི་གྲོས་གཞི་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧི་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།