ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཧི་པེ་ཞུང་ཨན་ས་ཁུལ་གསར་བར་གཟིགས་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

9d2dadb62bcaf42d6b12b5f955e84020.jpg

ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཧི་པེ་ཞུང་ཨན་ས་ཁུལ་གསར་བར་གཟིགས་ཞིབ་མཛད། པར་འདི་ནི་ཧན་ཀྲིན་གྱིས་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཧི་པེ་ཞིང་ཆེན་དང་འབྲེལ་ཡོད་ལས་ཁུངས་གྱི་བྱ་བའི་ཡར་ཞུ་ལ་ཉན་ཏེ། དེང་སྐབས་དང་ཕྱིན་ཆད་དུས་སྐབས་ཤིག་གི་བྱ་བ་གཙོ་བོར་ཞིབ་འཇུག་བཀོད་སྒྲིག་བྱེད་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་བཅུ་བཞི་ཉིན་ཧི་པེ་ཞུང་ཨན་ས་ཁུལ་གསར་བར་གཟིགས་ཞིབ་མཛད། ཧན་ཀྲིན་ཐོག་མར་པེ་ཅིན་དང་ཞུང་ཨན་བར་གྱི་ལྕགས་ལམ་གྱི་ཞུང་ཨན་ས་ཚུགས་ཇུས་འགོད་བྱེད་སར་ཕེབས་ཏེ། ཞུང་ཨན་ས་ཁུལ་གསར་བའི་འགྲིམ་འགྲུལ་གཙོ་བོ་ཇུས་འགོད་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་གཟིགས་ཞིབ་མཛད་པ་དང་། ས་ཁུལ་གསར་བའི་ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ཆེད་དོན་ཇུས་གཞི་དང་སྡོང་འཛུགས་ནགས་སྐྲུན་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་མཛད་པར་མ་ཟད། ཞུང་ཨན་གྲོང་ཁྱེར་གྱི་སྡོད་དམངས་ཞབས་ཕྱིའི་ལྟེ་གནས་སུ་ཕེབས་ཏེ། གྲངས་འཛིན་ཞུང་ཨན་འཛུགས་སྐྲུན་དང་རོང་ཏུང་བཀོད་སྒྲིག་བྱེད་སའི་ཇུས་གཞི་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་མཛད། ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། ཧན་ཀྲིན་གྱིས་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཧི་པེ་ཞིང་ཆེན་དང་འབྲེལ་ཡོད་ལས་ཁུངས་གྱི་བྱ་བའི་ཡར་ཞུ་ལ་ཉན་ཏེ། དེང་སྐབས་དང་ཕྱིན་ཆད་དུས་སྐབས་ཤིག་གི་བྱ་བ་གཙོ་བོར་ཞིབ་འཇུག་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་ནན་གྱིས་གསུངས་རྒྱུར། ཞུང་ཨན་ས་ཁུལ་གསར་བ་ཇུས་འགོད་འཛུགས་སྐྲུན་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་ལ། པེ་ཅིན་གྱི་རྒྱལ་ས་ལས་འདས་པའི་ནུས་པ་ཇེ་ལྷོད་དུ་གཏོང་བ་དང་། པེ་ཅིན་དང་ཐེན་ཅིན་ཧི་པེ་བཅས་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་ལོ་རྒྱུས་རང་བཞིན་གྱི་བཟོ་སྐྲུན་ཡིན་པར་མ་ཟད། སྟོང་ལོའི་ཇུས་ཆེན་དང་རྒྱལ་ཁབ་གྱི་དོན་ཆེན་ཞིག་ཀྱང་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། འཛམ་གླིང་ལ་དམིགས་པ་དང་རྒྱལ་སྤྱིའི་ཚད་གཞི་འཛིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་ཆེས་མཐོའི་གཏན་གནས་ལྡན་པ་བཅས་རྒྱུན་འཁྱོངས་བྱས་ནས། པེ་ཅིན་གྱི་རྒྱལ་ས་ལས་འདས་པའི་ནུས་པ་ཇེ་ལྷོད་དུ་གཏོང་བའི་ས་ཁུལ་འཛུགས་སྐྲུན་བྱེད་པར་དམིགས་ནས། ཞུང་ཨན་སྤུས་ཚད་གསར་གཏོད་བྱེད་པ་དང་། ཚད་གཞི་མཐོ་ཞིང་རྒྱུ་སྤུས་མཐོ་བའི་ཞུང་ཨན་ས་ཁུལ་གསར་བ་ཇུས་འགོད་འཛུགས་སྐྲུན་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ཞུང་ཨན་ས་ཁུལ་གསར་བ་ཇུས་འགོད་འཛུགས་སྐྲུན་བྱེད་པའི་ལས་འགན་ལྗིད་པས། འདུ་ཤེས་བཞི་བརྟན་པོར་བཅངས་པ་དང་ཡིད་ཆེས་བཞི་ཇེ་དྲག་ཏུ་བཏང་སྟེ། ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་བ་དང་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པ། དཀའ་སྤྱད་འབད་བརྩོན་བཅས་བྱས་ནས། ཞུང་ཨན་ས་ཁུལ་གསར་བ་ཇུས་འགོད་འཛུགས་སྐྲུན་བཟང་བོ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ལ་རྒྱུགས་ཤོག་བཟང་བོ་ཞིག་སྤྲོད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།