ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལི་ཅི་ཀྲུང་དབྱང་སྐོར་ཞིབ་བྱ་བའི་ཇུས་གཞི་ལག་བསྟར་བྱེད་པའི་སྐུལ་འདེད་གྲོས་ཚོགས་སུ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

5694add1453bde6f30547e557b58db71.jpg

ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན། 2018ལོ་ནས2022ལོའི་བར་གྱི་ཀྲུང་དབྱང་སྐོར་ཞིབ་བྱ་བའི་ཇུས་གཞི་ལག་ལེན་མཐར་ཕྱིན་བྱེད་པའི་སྐུལ་འདེད་གྲོས་ཚོགས་ཁྲིན་ཏུའུ་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲའོ་ལི་ཅི་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲའོ་ལི་ཅི་ཚེས་བཅུ་བཞི་ཉིན་ཁྲིན་ཏུའུ་ནས2018ལོ་ནས2022ལོའི་བར་གྱི་ཀྲུང་དབྱང་སྐོར་ཞིབ་བྱ་བའི་ཇུས་གཞི་ལག་ལེན་མཐར་ཕྱིན་བྱེད་པའི་སྐུལ་འདེད་གྲོས་ཚོགས་སུ་ཞུགས། གྲོས་ཚོགས་སྟེང་ཁོང་གིས་ནན་གྱིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་ལ་སྲུང་སྐྱོབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོབ་བྱེད་པ་ནི་དུས་རབས་གསར་བའི་སྐོར་ཞིབ་བྱ་བའི་གཞི་རྩ་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། འདུ་ཤེས་བཞི་བརྟན་པོར་བཅངས་པ་དང་། ཆབ་སྲིད་སྐོར་ཞིབ་བྱ་བའི་འགན་ནུས་ཀྱི་གཏན་གནས་དམ་སྲུང་བྱས་ཏེ། རང་རྟོགས་སྒོས་སྲུང་སྐྱོབ་གཉིས་ཀྱི་ཆབ་སྲིད་འགན་འཁྲི་ཆེན་པོ་བཟང་བོར་ཁུར་བ་དང་། ཇུས་གཞི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། སྐོར་ཞིབ་བྱ་བའི་རྒྱུ་སྤུས་སྔར་ལས་མཐོར་འདེགས་སུ་གཏོང་དགོས་ཟེར།

ཀྲའོ་ལི་ཅི་ཡིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག སྐོར་ཞིབ་བྱ་བར་གྲུབ་འབྲས་ཐོབ་པ་དང་། ཞིབ་བཤེར་བྱ་བའི་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱས། ཇུས་གཞི་དཔར་ནས་འགྲེལ་སྤེལ་བྱས་རྗེས། ཞིང་ལྗོངས་དང་གྲོང་ཁྱེར་བཅས་སོ་སོའི་ཏང་ཨུས་དེ་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྐོར་ཞིབ་བྱ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ནས། ཕན་ཡོད་ཉམས་མྱོང་སྤྱི་བསྡོམས་དང་ཁྱབ་གདལ་དུ་གཏོང་བ་དང་། གནས་པའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱས་ནས། སྐོར་ཞིབ་བྱ་བ་སྔར་ལས་ཚན་རིག་ལྡན་པ་དང་སྔར་ལས་གཟབ་ནན་ཡིན་པ། སྔར་ལས་ཕན་འབྲས་ལྡན་པར་བྱེད་དགོས་ཟེར།

ཟི་ཁྲོན་ནས་ཀྲའོ་ལི་ཅི་ཡིས་ད་རུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལས་ཁུངས་ཀྱི་དབུལ་སྐྱོར་བྱེད་པའི་ལིང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་ལོས་པོ་རྫོང་ལ་གཟིགས་ཞིབ་མཛད་པར་མ་ཟད། ཅ་ཀུའུ་སྡེ་བར་ཕེབས་ཏེ་དབུལ་ཕོངས་ཁྱིམ་ཚང་ལ་འཚམས་འདྲི་ཞུས་པ་དང་། གཞི་རིམ་གྱི་ཏང་ཡོན་དང་ལས་བྱེད་པ་དང་བཞུགས་མོལ་མཛད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།