ཞི་ཅིན་ཕིང་དང་ཨ་ཀེན་ཐིན་གྱི་ཙུང་ཐུང་མ་ཁི་ལིས་རྣམ་གཉིས་ཀྱིས་ཕན་ཚུན་ལ་འཕྲིན་ཡིག་བསྐུར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་ཀེན་ཐིན་གྱི་ཙུང་ཐུང་མ་ཁི་ལིས་རྣམ་གཉིས་ཀྱིས་ཕན་ཚུན་ལ་འཕྲིན་ཡིག་བསྐུར་ཏེ། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་ཀེན་ཐིན་གྱི་འབྲེལ་བ་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས། ཨ་ཀེན་ཐིན་གྱི་དེང་སྐབས་དཔལ་འབྱོར་དངུལ་རྩའི་གནས་བབ་སོགས་ཀྱི་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་གསུངས་རྒྱུར། ན་ནིང་ཙུང་ཐུང་མ་ཁེ་ལིས་ཀྲུང་གོར་ཡོང་སྟེ་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཞུགས་པར་མ་ཟད་རྒྱལ་དོན་འཚམས་འདྲི་མཛད་པ་དང་དེའི་སྐབས་སུ་ང་ཚོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་སྣ་ཚོགས་དངོས་འབེབས་བཟང་བོ་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་བརྟན་འཇགས་སྒོས་ལག་བསྟར་བྱས། བདག་གིས་ཀྲུང་གོ་དང་ཨ་ཀེན་ཐིན་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཁྱེད་དང་མཉམ་དུ་མུ་མཐུད་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་། ལས་གཞི་གལ་ཆེན་སྣ་ཚོགས་ལག་བསྟར་བཟང་བོ་བྱས་ནས་ཀྲུང་གོ་དང་ཨ་ཀེན་ཐིན་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་བློ་ཐག་རྦད་ཆོད་སྒོས་ཨ་ཀེན་ཐིན་ཕྱོགས་ཀྱིས་ད་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྒྲུབ་པར་རྒྱབ་སྐྱོར་བྱེད་པར་མ་ཟད། ཨ་ཀེན་ཐིན་ཕྱོགས་དང་མཐུན་སྦྱོར་དང་གཞོགས་འདེགས་བྱེད་པར་ཤུགས་སྣོན་ཞིང་མཐོ་རིམ་གྲོས་ཚོགས་ཀྱི་འཆར་འགོད་དང་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་པ་དང་། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པར་མ་ཟད་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱས་ནས་མཐོ་རིམ་གྲོས་ཚོགས་ལེགས་འགྲུབ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མ་ཁི་ལིས་ཀྱིས་འཕྲིན་ཡིག་ནང་བཤད་རྒྱུར། ཨ་ཀེན་ཐིན་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཨ་ཀེན་ཐིན་ཕྱོགས་ཀྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་བཏོན་པར་རྒྱབ་སྐྱོར་བྱེད་པར་མ་ཟད་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱོན་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།

མ་ཁི་ལིས་ཀྱིས་ཞི་ཅིན་ཕིང་ལ་དེང་སྐབས་ཨ་ཀེན་ཐིན་གྱི་རྒྱལ་ནང་དཔལ་འབྱོར་དངུལ་རྩའི་གནས་བབ་དང་ཁ་གཏད་བྱེད་ཐབས་མཚམས་སྦྱོར་བྱས།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།