ཝང་ཀྲིན་ཧྲིན་གྱིས་སྤྱི་བདེ་ལས་ཁུངས་ཀྱི་བརྟག་དཔྱད་དཔྱད་གཞིའི་བྱ་བར་བཀོད་སྒྲིག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན། ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་གྱིས་སྲིད་ཁྲིམས་འགོ་ཁྲིད་ལས་བྱེད་པའི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་དགོངས་དོན་ཆེད་དུ་བརྒྱུད་སྒྲོག་བྱེད་སྐབས། གནད་འགག་གི་ཉུང་ཤོས་ཀྱིས་དུས་རབས་གསར་བའི་མཚོ་སྔོན་སྤྱི་བདེ་བྱ་བ་དང་དཔུང་སྡེ་འཛུགས་སྐྲུན་གྱི་བརྟག་དཔྱད་དཔྱད་གཞི་བཅུ་གསུམ་ལ་དམིགས་ཏེ། གཞི་རིམ་ལ་འགྲོ་བ་དང་ནང་འདྲེན་བྱེད་པ། གནད་དོན་ལ་འདང་རྒྱག་པ། ཐབས་ཇུས་འགོད་པ། བྱ་བ་སྒྲུབ་པ་བཅས་ཀྱི་གོ་རིམ་ཧྲིལ་བོར་སྦྲེལ་དགོས་ཟེར།

ཝང་ཀྲིན་ཧྲིན་གྱིས་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཁྲིམས་དགོངས་པའི་ཚན་རིག་མ་ལག་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་ཟབ་མོ་ལེན་དང་ཁོང་དུ་ཆུད་པར་བྱས་ནས། ཐོག་མའི་བསམ་འདུན་དང་འགན་འཁྲི། བཅོས་སྒྱུར་དང་གསར་སྐྲུན། རྒྱུ་སྤུས་དང་ཁག་ཁུར་བཅས་ཇེ་དྲག་ཏུ་གཏོང་དགོས་པར་མ་ཟད། འགལ་བ་དང་ཉེན་ཁའི་ཁྲོད་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱེད་དགོས་ཟེར།

ཝང་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་མི་དམངས་ཉེན་རྟོག་པས་དོན་དངོས་དང་སྦྲེལ་ནས། འཐབ་ཇུས་བསམ་བློ་དང་ཚད་མཐའི་བསམ་བློ། རྒྱུད་རིམ་བསམ་བློ། རྩོད་སྒྲུབ་བསམ་བློ། གསར་གཏོད་བསམ་བློ། ཁྲིམས་སྐྱོང་བསམ་བློ་སོགས་ཚན་རིག་གི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་སྤྱི་བདེ་བྱ་བའི་མཐའ་གཅིག་གི་འགོ་ཁྲིད་ཞེས་པའི་གཞི་རྩའི་ཆབ་སྲིད་རྩ་དོན་དམ་པོར་བཟུང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཁྲིམས་བསམ་བློར་གོ་བ་ཟབ་མོ་ལེན་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དུས་རབས་གསར་བའི་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།