ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཧྥ་རན་སི་དང་སི་ཕན། ཕུའུ་ཐའོ་ཡ། ཨ་ཀེན་ཐིན་བཅས་ལ་འཚམས་འདྲི་བྱེད་རྒྱུ་མ་ཟད་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གྲོས་ཚོགས་སུ་ཞུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀུན་ཧྲོང་གིས་ཚེས་བཅུ་གཅིག་ཉིན་པེ་ཅིན་ནས་ཁྱབ་སྒྲོག་བྱས་པ་ལྟར་ན། ཧྥ་རན་སིའི་ཡོ་རོབ་གླིང་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལི་ཏི་ལི་ཨང་དང་སི་ཕན་གྱི་ཕྱི་འབྲེལ་མཉམ་ལས་བློན་ཆེན་ཏ་སི་ཏིས་སི། ཕུའུ་ཐའོ་ཡའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཞི་ཨར་ཝ། ཨ་ཀེན་ཐིན་གྱི་ཕྱི་འབྲེལ་དང་ཆོས་ལུགས་ལས་དོན་པུའུ་ཡི་པུའུ་ཀྲང་ཧྥུའུ་ལའེ་བཅས་ཀྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གི་འགན་ཁུར་མཁན་ཝང་དབྱི་ཡིས་ཚེས་བཅུ་དྲུག་ཉིན་ནས་ཚེས་ཉེར་བཞི་ཉིན་བར་གོང་གི་རྒྱལ་ཁབ་བཞིར་དངོས་གཞིའི་འཚམས་འདྲི་བྱེད་རྒྱུ་མ་ཟད། ཨ་ཀེན་ཐིན་ནས་བསྡུ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གྲོས་ཚོགས་སུ་ཞུགས་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།