ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚབ་མ་མཁའ་ཏེ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

81988d58c6571c1fa5d6604e26782ed9.jpg

ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན། ཨེ་ཙེ་ཨོ་ཕི་ཡ་ན་དངོས་གཞིའི་འཚམས་འདྲི་མཛད་བཞིན་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཡ་ཏི་སི་ཡ་པེ་པ་ནས་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚབ་མ་མཁའ་ཏེ་ལ་མཇལ་འཕྲད་གནང་བར་མ་ཟད་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ལ་རྟོག་ཞིབ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན། ཨེ་ཙེ་ཨོ་ཕི་ཡ་ན་དངོས་གཞིའི་འཚམས་འདྲི་མཛད་བཞིན་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཡ་ཏི་སི་ཡ་པེ་པ་ནས་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚབ་མ་མཁའ་ཏེ་ལ་མཇལ་འཕྲད་གནང་བར་མ་ཟད་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ལ་རྟོག་ཞིབ་མཛད།

ལིས་ཀྲན་ཧྲུའུ་ཡིས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁ་མཉམ་འབྲེལ་རང་སྟོབས་དང་གཞི་གཅིག་ཅན་གྱི་འཕེལ་རིམ་ཁྲོད་དུ་ནུས་པ་གལ་ཆེན་བཏོན་པར་གདེང་འཇོག་ཆེན་པོ་གནང་། ཁོང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་རང་སྟེང་གི་སྒྲིག་གཞི་ལ་ཤུགས་སྣོན་ཞིང་ཞི་བདེ་སྲུང་སྐྱོབ་ནུས་པ་དང་དམངས་ཚིས་འགན་སྲུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ཧུར་ཐག་སྒོས་ཨ་ཧྥེ་རི་ཁའི་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྣེ་ཁྲིད་བྱེད་པ་དང་། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་ནུས་པ་ཆེན་པོ་བཏོན་ནས་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་དང་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

མཁའ་ཏེ་ཡིས་བཤད་རྒྱུར། ཀྲུང་གོའི་ཞི་བའི་འཕེལ་རྒྱས་ཀྱིས་ཨ་ཧྥེ་རི་ཁར་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་བསྐྲུན་པ་དང་གདམ་གསེས་གསར་བ་འདོན་སྤྲོད་བྱས། ཨ་ཧྥེ་རི་ཁ་མནའ་འབྲེལ་ཧུར་ཐག་སྒོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་ལ་ཞུགས་འདོད་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱོན་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་གོ་ཕྱོགས་ཀྱིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་སློབ་གསོ། ཚན་རྩལ་སོགས་ཁྱབ་ཁོངས་སུ་ཨ་ཧྥེ་རི་ཁར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བར་རེ་སྒུག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།