ལིས་ཁི་ཆང་གི་འཚམས་འདྲི་མཇུག་རྫོགས་རྗེས་ཕྱིར་པེ་ཅིན་དུ་ལོག

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧིན་རྡུ་ཉི་ཞི་ཡ་ལ་དངོས་གཞིའི་འཚམས་འདྲི་མཛད་པ་དང་། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་བདུན་པར་ཞུགས་པར་མ་ཟད། འཇར་པན་ལ་དངོས་གཞིའི་འཚམས་འདྲི་མཛད་ཚར་རྗེས། པེ་ཅིན་གྱི་དུས་ཚོད་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཕྱིར་པེ་ཅིན་ལ་ལོག

རྒྱལ་སྲིད་ཨུ་ཡོན་གྱི་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ཝང་དབྱི་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལིས་ཧྥིན་སོགས་གནམ་གྲུ་གཅིག་ཏུ་བསྡད་ནས་པེ་ཅིན་ལ་ཐོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།