ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འཇར་པན་གྱི་གོང་མ་མེན་རིན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

8d601dbab0d78bde8161e43f49f81ef6.jpg

ས་དེའི་ཚེས་བཅུ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏུང་ཅིན་གོང་མའི་ཕོ་བྲང་ནས་འཇར་པན་གྱི་གོང་མ་མེན་རིན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས་བཅུ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏུང་ཅིན་གོང་མའི་ཕོ་བྲང་ནས་འཇར་པན་གྱི་གོང་མ་མེན་རིན་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོང་མ་མེན་རིན་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་མཛད། ལིས་ཁི་ཆང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་འཇར་པན་གཉིས་ཀྱིས་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་རེད། ཀྲུང་གོས་ཐེངས་འདིའི་འཚམས་འདྲི་བརྒྱུད་དེ། ཆིངས་ཡིག་གི་དགོངས་དོན་བསྐྱར་དྲན་བྱས་ནས། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་ཡང་བསྐྱར་རྒྱུན་ལྡན་གྱི་ལམ་དུ་སྐྱོད་པར་བྱེད་རྒྱུ་མ་ཟད་གོང་འཕེལ་གསར་པ་འབྱུང་བར་བྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན།ཐེངས་འདིའི་འཚམས་འདྲིའི་སྐབས་སུ། ངས་དབུ་བཞུགས་བློན་ཆེན་ཨན་པེ་དང་། རྒྱལ་ཚོགས་གྲོས་ཁང་གཉིས་ཀྱི་གྲོས་དཔོན། ཏང་ཁག་སོ་སོ་དང་འཇར་པན་གྱི་ལས་རིགས་སོ་སོའི་མི་སྣར་ཐུག་འཕྲད་བྱས་པ་ཡིན་ལ། ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་འཇར་པན་དང་མཉམ་དུ་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་ཡུན་རིང་བདེ་ཐང་གཏན་འཇགས་ངང་གོང་འཕེལ་དུ་གཏོང་རྒྱུའི་རེ་བ་བཅངས་ཡོད། ཀྲུང་གོས་འཇར་པན་བར་གྱི་མི་སྣའི་འགྲོ་འོང་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་བློའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

གོང་མ་མེན་རིན་གྱིས་བཤད་རྒྱུར། ཙུང་ལི་ལིས་ཁི་ཆང་གནད་འགག་གི་ལོ་འདི་ལ་འཇར་པན་དུ་དངོས་གཞིའི་འཚམས་འདྲིར་ཡོང་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ལ། ཐེངས་འདིའི་འཚམས་འདྲིས་འཇར་པན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་གོང་འཕེལ་དུ་གཏོང་རྒྱུའི་རེ་བ་བཅངས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མང་ཚོགས་བར་གྱི་འགྲོ་འོང་བརྒྱུད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པ་སྔར་ལས་ཇེ་བཟང་དུ་འགྲོ་རྒྱུའི་རེ་བ་བཅངས་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།