ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འཇར་པན་གྱི་སྲིད་འཛིན་ཏང་གི་འགན་ཁུར་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ས་དེའི་ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏུང་ཅིན་གྱི་ཁོང་བཞུགས་སའི་མགྲོན་ཁང་ནས་འཇར་པན་སྲིད་འཛིན་ཏང་གི་འགན་ཁུར་བ། རང་དབང་དམངས་གཙོ་ཏང་གི་ལས་འཛིན་དཔོན་པོ་ཨར་ཅེ་ཅུན་པོ་དང་། གུང་མེན་ཏང་གི་འཐུས་མི་ཧྲན་ཁུག་ན་ཅིན་ནན་སོགས་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏུང་ཅིན་གྱི་ཁོང་བཞུགས་སའི་མགྲོན་ཁང་ནས་འཇར་པན་སྲིད་འཛིན་ཏང་གི་འགན་ཁུར་བ། རང་དབང་དམངས་གཙོ་ཏང་གི་ལས་འཛིན་དཔོན་པོ་ཨར་ཅེ་ཅུན་པོ་དང་། གུང་མེན་ཏང་གི་འཐུས་མི་ཧྲན་ཁུག་ན་ཅིན་ནན་སོགས་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་འཇར་པན་གྱིས་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན། ལོ་བཞི་བཅུའི་རིང་ལ། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་ཡུན་རིང་པོར་གོང་འཕེལ་དུ་སོང་བ་དང་། ཀྱག་ཀྱག་གི་བགྲོད་ལམ་ཡང་བརྒྱུད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞིའི་དགོངས་དོན་གཞིར་བཟུང་ནས། ཞི་བདེའི་མཛའ་མཐུན་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་དམ་དུ་འཛིན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་སྤེལ་ནས། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་བརྟན་བརླིང་ངང་ཡུན་རིང་པོར་གོང་འཕེལ་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་རང་དབང་དམངས་གཙོ་ཏང་དང་གུང་མེན་ཏང་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བའི་མ་འོངས་པ་གསར་པ་བསྐྲུན་འདོད་ཡོད།

འཇར་པན་ཕྱོགས་ཀྱི་སྲིད་འཛིན་ཏང་གི་འགན་ཁུར་པས་བསྟན་དོན། ཙུང་ལི་ལིས་ཁི་ཆང་གིས་འཇར་པན་དང་ཀྲུང་གོས་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་འཁོར་བཞི་བཅུ་ལོན་པའི་སྐབས་སུ་འཇར་པན་ལ་འཚམས་འདྲི་བྱས་ཏེ། འཇར་པན་དང་ཀྲུང་གོའི་འབྲེལ་བ་ཡང་བསྐྱར་རྒྱུན་ལྡན་གྱི་ལམ་དུ་སྐྱོད་དུ་བཅུག་པས། འཇར་པན་ཕྱོགས་ཀྱིས་དེར་གཟེངས་བསྟོད་ཆེན་པོ་བྱེད་བཞིན་ཡོད། སྲིད་འཛིན་ཏང་ཡིན་པའི་ཆ་ནས། འཇར་པན་གྱི་རང་དབང་དམངས་གཙོ་ཏང་དང་གུང་མེན་ཏང་གིས་ཀྲུང་གོའི་བར་གྱི་ཏང་ཁག་གི་འགྲོ་འོང་ལ་ཤུགས་བསྣན་ནས། མུ་མཐུད་དུ་འཇར་པན་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་སྔར་ལས་ཆེན་པོ་གཏོང་བར་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།