ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས2018ལོའི་ཀྲུང་གོའི་ཐོན་རྫས་གྲགས་ཅན་ཉིན་མོའི་བྱ་འགུལ་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས10ཉིན། ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་གོའི་ཐོན་རྫས་གྲགས་ཅན་ཉིན་མོའི་བྱ་འགུལ་ཧྲང་ཧེ་གྲོང་ཁྱེར་ནས་ཚོགས་འགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། ཐོན་རྫས་གྲགས་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་སྤུས་ལེགས་འདོན་སྤྲོད་ཇེ་མང་དུ་གཏོང་བ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་མཛེས་པའི་འཚོ་བའི་དགོས་མཁོ་སྐོང་བའི་ནང་དོན་གལ་ཆེན་ཡིན། ཉེ་བའི་ལོ་འགའི་རིང་ལ། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་འོག རང་རྒྱལ་གྱི་ཐོན་རྫས་གྲགས་ཅན་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ། གནས་བབ་གསར་བའི་འོག་ཏུ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལག་བསྟར་བྱེད་རྒྱུ་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་ལ། རང་རྒྱལ་གྱི་དོན་དངོས་དང་རྐང་བཙུགས་ཏེ་གསར་སྐྲུན་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་དང་། རྒྱུ་རྐྱེན་ཡོངས་ཀྱི་ཐོན་སྐྱེད་བྱེད་ཚད་དང་ཁེ་ལས་ཀྱི་ཕྱོགས་བསྡུས་འགྲན་ཤུགས་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་དགོས། དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་དང་མཉམ་འབྲེལ་དྲ་རྒྱ་དེ་ཕྱོགས་སོ་སོའི་སྟོབས་ཤུགས་དང་གཅིག་སྡུད་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་དགོས་མཁོ་གསར་བ་དང་མུ་མཐུད་ནས་རིམ་འཕར་བྱེད་པའི་ཚོང་རའི་དགོས་མཁོ་ལ་དམིགས་ཏེ། ཚོང་སྣ་ཇེ་མང་དང་སྤུས་ཚད་ཇེ་མཐོར་གཏོང་བ་དང་ཐོན་རྫས་གྲགས་ཅན་གསར་སྐྲུན་བྱེད་པ་དང་། ཁེ་ལས་པའི་སྙིང་སྟོབས་དང་ལས་ཤེས་པའི་སྙིང་སྟོབས་དར་སྤེལ་བྱས་ནས། སྔར་ལས་མང་པོའི་ཀྲུང་གོའི་ཐོན་རྫས་གྲགས་ཅན་དེ་ཀྲུང་གོའི་གསར་བཟོ་དང་འགྲོགས་ནས་འཛམ་གླིང་ལ་སྐྱོད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།