ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«མི་ཚེ་གང་བོའི་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཙུང་ལི་ལིས་ཁི་ཆང་གིས་ཆོག་མཆན་བཀོད་པ་བརྒྱུད། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«མི་ཚེ་གང་བོའི་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས།

«བསམ་འཆར»ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་གྱི་ཚུལ་སྒྱུར་རིམ་འཕར་དང་གསར་བཟོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན། ངལ་རྩོལ་པའི་ལས་ཞུགས་ལས་སྐྲུན་གྱི་དགོས་མཁོ་དང་བསྟུན་ནས་མི་ཚེ་གང་བོའི་ལས་རིགས་གསོ་སྦྱོང་ལམ་ལུགས་ལག་བསྟར་བྱེད་པ་དང་། གཞི་ཁྱོན་ཆེ་བའི་སྒོ་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་བྱེད་དགོས་ལ། གསོ་སྦྱོང་གི་དམིགས་ཡུལ་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་མཐོར་འགྲོ་བ་གཙོར་བཟུང་སྟེ་ཤེས་བྱ་རང་བཞིན་དང་རྩལ་ནུས་རང་བཞིན། གསར་སྐྲུན་རང་བཞིན་བཅས་ཀྱི་ངལ་རྩོལ་མཁན་གྱི་དཔུང་སྡེ་ཆེན་པོ་འཛུགས་སྐྲུན་བྱེད་དགོས་པའི་རེ་བ་བཏོན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།