ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཅིན་ཀྲིན་ཨིན་གཉིས་ཏ་ལེན་ནས་ཞལ་འཛོམས་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

a1ee3904988eb3ff6becb876e377d793.jpg

ཟླ5པའི་ཚེས7ཉིན་ནས་ཚེས8ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གཉིས་ཏ་ལེན་ནས་ཞལ་འཛོམས་བྱུང་།

196ff6172e81d49d05e0add0c43eb68b.jpg

ཟླ5པའི་ཚེས7ཉིན་ནས་ཚེས8ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གཉིས་ཏ་ལེན་ནས་ཞལ་འཛོམས་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་པའི་ཚེསབདུན་ཉིན་ནས་ཚེས་བརྒྱད་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གཉིས་ཏ་ལེན་ནས་ཞལ་འཛོམས་བྱུང་།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

ཞི་ཅིན་ཕིང་གིས་ཅིན་ཀྲིན་ཨིན་དང་གྲོས་མོལ་མཛད་པར་མ་ཟད། ཅིན་ཀྲིན་ཨིན་ལ་དགའ་བསུའི་དགོང་ཚིགས་གསོལ་སྟོན་བཤམས་པ་དང་། མཉམ་དུ་འཆམ་འཆམ་དུ་སོང་ལ། གུང་ཚིགས་གསོལ་སྟོན་ལ་ཞུགས། མཛའ་ཞིང་མཐུན་པའི་སྣང་ཚུལ་ཁྲོད་དུ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་དང་མཉམ་དུ་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། བློ་མཐུན་ཨུ་ཡོན་ཀྲང་གིས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་འབྱུང་བའི་གནད་འགག་གི་སྐབས་འདིར། ཉིན་བཞི་བཅུའི་རྗེས་སུ་ཡང་བསྐྱར་ཆེད་དུ་ཀྲུང་གོར་ཡོང་ནས་ང་དང་ཐུག་པ་འདིས་བློ་མཐུན་ཨུ་ཡོན་ཀྲང་དང་ཁྲའོ་ཞན་ཏང་ཀྲུང་དབྱང་གིས་ཀྲུང་གོ་དང་ཁྲའོ་ཞན་གྱི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་འབྲེལ་འདྲིས་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་པ་མཚོན་ཡོད་པས། ངས་གདེང་འཇོག་མཐོན་པོ་བྱེད་བཞིན་ཡོད། ང་དང་བློ་མཐུན་ཨུ་ཡོན་ཀྲང་གཉིས་ཐོག་དང་པོར་ཐུག་པའི་ཚུན་ལ། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་དང་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་གོང་འཕེལ་ལེགས་པོ་བྱུང་བ་དང་ང་དེར་དགའ་ཡོད། ངས་བློ་མཐུན་ཨུ་ཡོན་ཀྲང་དང་ཡང་བསྐྱར་ཐུག་ནས། མཉམ་དུ་ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་བ་དང་། ཁྲའོ་ཞན་ཕྱེད་གླིང་གི་ཡུན་སྐྱོང་བདེ་འགོད་མངོན་འགྱུར་བྱེད་པ། ས་ཁུལ་གྱི་ཞི་བདེ་གཏན་འཇགས་དར་རྒྱས་ལ་ཡར་སྐུལ་བྱེད་པ་བཅས་ཀྱི་ཐད་འབད་བརྩོན་བྱེད་འདོད་ཡོད།

ཅིན་ཀྲིན་ཨིན་གྱིས་བསྟན་དོན། ད་ལོའི་ཟླ་གསུམ་པ་ནས་བཟུང་། ཁྲའོ་ཞན་དང་ཀྲུང་གོའི་མཛའ་བརྩེ་དང་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ལ་དོན་སྙིང་ཕུན་སུམ་ཚོགས་པའི་གོང་འཕེལ་བྱུང་བ་དང་། དེ་ནི་ང་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིའི་ལོ་རྒྱུས་རང་བཞིན་གྱི་ཐུག་འཕྲད་ཀྱི་གྲུབ་འབྲས་བཟང་པོ་ཡིན། དེང་སྐབས་ས་ཁུལ་གྱི་གནས་བབ་མགྱོགས་མྱུར་གྱིས་གོང་འཕེལ་དུ་འགྲོ་བའི་གནད་འགག་གི་སྐབས་འདིར་ང་ཡང་བསྐྱར་ཀྲུང་གོར་ཡོང་ནས་སྤྱི་ཁྱབ་ཧྲུའུ་ཅི་ལ་ཐུག་པའི་དམིགས་ཡུལ་ནི། ཀྲུང་གོའི་བར་གྱི་འཐབ་ཇུས་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། ཁྲའོ་ཞན་དང་ཀྲུང་གོའི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་ནས། ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་ཡར་སྐུལ་བྱེད་རྒྱུ་དེ་ཡིན།ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོའི་ཟླ་གསུམ་པར། ང་དང་བློ་མཐུན་ཨུ་ཡོན་ཀྲང་གཉིས་ཀྱིས་པེ་ཅིན་ནས་ལོ་རྒྱུས་རང་བཞིན་གྱི་ཐུག་འཕྲད་ཐེངས་དང་པོ་མངོན་འགྱུར་བྱས་ཏེ། དུས་ཚོད་རིང་པོར་བརྗེ་རེས་ཟབ་མོ་བྱས་ནས། དུས་རབས་གསར་པའི་ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་གོང་འཕེལ་དུ་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་བ་བྱུང་། ཕྱོགས་གཉིས་ཀྱི་འབད་བརྩོན་འོག་ཏུ། ཐུན་མོང་གི་ལྟ་བ་སྣ་ཚོགས་ལག་བསྟར་དངོས་འབེབས་བཟང་པོ་བྱེད་བཞིན་ཡོད། ངས་བློ་མཐུན་ཨུ་ཡོན་ཀྲང་དང་མཉམ་དུ། ཕྱོགས་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ང་ཚོའི་ཐུན་མོང་གི་ལྟ་བ་དངོས་འབེབས་བཟང་པོ་བྱེད་པར་མུ་མཐུད་དུ་མཛུབ་སྟོན་བྱས་ཏེ། ཀྲུང་གོ་ཁྲའོ་ཞན་གྱི་འབྲེལ་བ་རྒྱུན་ཆད་མེད་པར་གོང་འཕེལ་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས། རང་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ཐད་བྱས་རྗེས་ལེགས་པོ་འཇོག་འདོད་ཡོད།

ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་སྐོར་གླེང་སྐབས། ཞི་ཅིན་ཕིང་གིས་བསྟན་དོན། ཉེ་ལམ་བློ་མཐུན་ཨུ་ཡོན་ཀྲང་གིས་ཕྱེད་གླིང་གི་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ཐད་ནས་འབད་བརྩོན་གང་མང་བྱས་ཏེ་གྲུབ་འབྲས་ལེགས་པོ་བླངས་ཡོད། འབྲེལ་ཡོད་ཕྱོགས་སོ་སོའི་ཐུན་མོང་གི་འབད་བརྩོན་འོག་ཏུ། ཕྱེད་གླིང་གི་གྲོས་མོལ་གནས་བབ་རྒྱུད་ཆད་མེད་པར་སྲ་བརྟན་དུ་སོང་ནས། ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་པའི་ཕྱོགས་སུ་འཕེལ་བཞིན་ཡོད། ཀྲུང་གོས་ཁྲའོ་ཞན་ཕྱོགས་ཀྱིས་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་རྒྱུན་འཁྱོངས་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཁྲའོ་ཞན་དང་ཨ་མེ་རི་ཁས་གྲོས་མོལ་བྱས་ཏེ་ཕྱེད་གླིང་གི་གནད་དོན་ཐག་གཅོད་པར་རྒྱབ་སྐྱོར་བྱེད་པ་ཡིན་ལ། མུ་མཐུད་དུ་འབྲེལ་ཡོད་ཕྱོགས་སོ་སོ་དང་མཉམ་དུ་ཕྱེད་གླིང་གནད་དོན་གྱི་ཞི་བདེའི་གྲོས་མོལ་འཕེལ་རིམ་ལ་ཡོངས་སུ་སྤེལ་བ་དང་། ས་ཁུལ་གྱི་ཡུན་སྐྱོང་བདེ་འགོད་མངོན་འགྱུར་བྱེད་པར་ནུས་པ་བཟང་པོ་འདོན་འདོད་ཡོད།

ཅིན་ཀྲིན་ཨིན་གྱིས་ཀྲུང་གོས་དུས་ཡུན་རིང་པོར་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་དང་། ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་བྱས་རྗེས་གལ་ཆེན་བཞག་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་ནི་ཁྲའོ་ཞན་ཕྱོགས་ཀྱི་དུས་གཏན་གྱི་ལངས་ཕྱོགས་གསལ་པོ་ཡིན། འབྲེལ་ཡོད་ཕྱོགས་ཀྱིས་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་དང་བདེ་འཇགས་ཐད་ཀྱི་འཇིགས་སྣང་མེད་པར་བཏང་ན། ཁྲའོ་ཞན་ཕྱོགས་ལ་ཉིང་རྡུལ་མཚོན་ཆ་མཁོ་དོན་མེད་པ་དང་། ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་དམིགས་ཡུལ་མངོན་འགྱུར་བྱེད་ཐུབ། ཁྲའོ་ཞན་དང་ཨ་མེ་རི་ཁའི་བར་དུ་ཡིད་ཆེས་ཀྱི་འབྲེལ་བ་བཙུགས་པ་བརྒྱུད་དེ། འབྲེལ་ཡོད་ཕྱོགས་སོ་སོས་འགན་ཁུར་བའི་སྒོ་ནས་ཕྱེད་གླིང་གི་གནད་དོན་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་པའི་འཕེལ་རིམ་ཡོངས་སུ་སྤེལ་ནས། མཇུག་མཐར་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པ་དང་གཏན་དུ་ཞི་བདེ་ཡོང་བར་བྱེད་རྒྱུ་ནི་རེ་བ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།