ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་པེ་ཅིན་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ས་གནས་སྲིད་གཞུང་མཉམ་ལས་གླེང་སྟེགས་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་པེ་ཅིན་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ས་གནས་སྲིད་གཞུང་མཉམ་ལས་གླེང་སྟེགས་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་དང་། ཀྲུང་གོའི་མི་རིགས་ཀྱིས་ཡར་ལངས་པ་དང་འབྱོར་ཕྱུག་ཏུ་གྱུར་བ་ནས་སྟོབས་ལྡན་དུ་འགྱུར་བའི་རླབས་ཆེན་འཕོ་འགྱུར་བསུས་བྱུང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་འོག ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ན། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་གཉིས་ཕན་མཉམ་རྒྱལ་གྱི་ཕྱི་ཕྱོགས་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱེད་ངེས་ཡིན། ཀྲུང་གོ་སྔར་བཞིན་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་འཕེལ་རྒྱས་དོ་མི་མཉམ་པ་ནི་འགལ་བ་གཙོ་བོ་ཡིན། གནད་ཕིགས་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བཟང་བོ་བྱས་ཏེ། དབུལ་ཕོངས་མི་གྲངས་དེ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་དུ་བསླེབ་པའི་ལས་འགན་དང་འགྲན་རྩོད་སྔར་བཞིན་དུ་དཀའ་ཚེགས་ཆེ་བ་ཞིག་ཡིན་ཟེར།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་གནའ་ནས་བཟུང་དཀའ་སྡུག་མཉམ་ཁུར་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཡིན། ཀྲུང་གོས་རང་སྟེང་གི་འཕེལ་རྒྱས་ལ་བརྟེན་ནས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་འདོད་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྤྱི་ཁོག་འོག་ཏུ་ཕྱོགས་གཉིས་ཀྱི་ས་གནས་སྲིད་གཞུང་གིས་དབུལ་ཕོངས་ལས་ཐར་བ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།