ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་པེ་ཅིན་ནས་ནི་ཀྲེ་རི་ཡའི་ཙུང་ལི་ལ་ཧྥེ་ཉི་དང་ཐན་ཙན་ནི་ཡའི་སྔོན་ཆད་ཀྱི་ཙུང་ལི། ཐན་ཙན་ནི་ཡ་དང་ཀྲུང་གོའི་མཛའ་མཐུན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ས་ལིས་མུའུ་གཉིས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་པེ་ཅིན་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ས་གནས་སྲིད་གཞུང་མཉམ་ལས་གླེང་སྟེགས་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པའི་ནི་ཀྲེ་རི་ཡའི་ཙུང་ལི་ལ་ཧྥེ་ཉི་དང་ཐན་ཙན་ནི་ཡའི་སྔོན་ཆད་ཀྱི་ཙུང་ལི། ཐན་ཙན་ནི་ཡ་དང་ཀྲུང་གོའི་མཛའ་མཐུན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ས་ལིས་མུའུ་གཉིས་ལ་མཇལ་འཕྲད་གནང་།

ལ་ཧྥེ་ཉི་ལ་མཇལ་འཕྲད་གནང་སྐབས་ཝང་ཆི་ཧྲན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནི་ཀྲེ་རི་ཡའི་ཙུང་ཐུང་དབྱི་སོ་ཧྥུའུ་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུ་བ་བརྒྱུད་སྒྲོག་མཛད་པར་མ་ཟད་ཟབ་པའི་སྲོལ་རྒྱུན་མཛའ་བཤེས་དང་གཅིག་འདྲའི་འབད་འཐབ་བརྒྱུད་རིམ་ལ་བརྟེན་ནས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་འཕེལ་རྒྱས་ལ་ཡིད་འཇོག་བྱེད་པ་སྔར་ལས་རྒྱུས་ལོན་ཟབ་མོ་བྱས། ཀྲུང་གོ་དང་ནི་ཀྲེ་རི་ཡའི་མཉམ་ལས་ལ་ཤུགས་སྣོན་པ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་ནི་ཕྱོགས་གཉིས་ཀྱི་ཐུན་མོང་གི་རེ་འདུན་ཡིན་ལ། ཉེ་བའི་ལོ་འགའི་རིང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ནི་ཀྲེ་རི་ཡའི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ས་ལིས་མུའུ་ལ་མཇལ་འཕྲད་གནང་སྐབས་ཝང་ཆི་ཧྲན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐན་ཙན་ནི་ཡའི་ཙུང་ཐུང་མ་ཀུའུ་ཧྥུའུ་ལེ་ལ་བརྩེ་བའི་འཚམས་འདྲི་ཞུ་བ་བརྒྱུད་སྒྲོག་མཛད་པར་མ་ཟད། ཕྱོགས་གཉིས་ཀྱི་རྒན་རབས་འགོ་ཁྲིད་པས་ཀྲུང་གོ་དང་ཐན་ཙན་ནི་ཡའི་བར་ལ་སྲོལ་རྒྱུན་གྱི་མཛའ་བཤེས་ཟབ་མོ་ཆགས་པར་བྱས་པ་དང་ས་ལིས་མུའུ་ཡིས་ཀྲུང་གོ་དང་ཐན་ཙན་ནི་ཡའི་མཛའ་མཐུན་འབྲེལ་བའི་ཐད་ལ་བྱས་རྗེས་གལ་ཆེན་བཞག ཕྱོགས་གཉིས་ཀྱི་འགོ་ཁྲིད་པའི་ཁྲིད་སྟོན་འོག དོན་ལ་གནས་པའི་མཉམ་ལས་ལས་གཞི་སྣ་ཚོགས་ལག་བསྟར་བྱས་ཏེ་དུས་སྐབས་གསར་བའི་ཀྲུང་གོ་དང་ཐན་ཙན་ནི་ཡའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།