ཀྲུང་གོ་བོད་ཀྱི་དྲ་བ།

མར་ཁེ་སི་སྐུ་བལྟམས་ནས་ལོ་འཁོར་ཉིས་བརྒྱ་ལོན་པར་དྲན་གསོ་ཞུ་བའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་པེ་ཅིན་ནས་བསྡུས་པ་དང་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1122790664_15256114427611n.jpg

ཟླ་ལྔ་བའི་ཚེས་དྲུག་ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་ཏང་གི་སློབ་གྲྭ། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆ་ཞིབ་འཇུག་ཁང་། སློབ་གསོ་པུའུ། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་བྱ་བའི་པུའུ་བཅས་ཀྱིས་པེ་ཅིན་ནས་མར་ཁེ་སི་སྐུ་བལྟམས་ནས་ལོ་འཁོར་ཉིས་བརྒྱ་ལོན་པར་དྲན་གསོ་ཞུ་བའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་བསྡུས། ཚེས་དྲུག་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་བགྲོ་གླེང་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་ཏང་གི་སློབ་གྲྭ། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆ་ཞིབ་འཇུག་ཁང་། སློབ་གསོ་པུའུ། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་བྱ་བའི་པུའུ་བཅས་ཀྱིས་ཟླ་ལྔ་བའི་ཚེས་དྲུག་ཉིན་པེ་ཅིན་ནས་མར་ཁེ་སི་སྐུ་བལྟམས་ནས་ལོ་འཁོར་ཉིས་བརྒྱ་ལོན་པར་དྲན་གསོ་ཞུ་བའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་བསྡུས། ཚེས་དྲུག་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་བགྲོ་གླེང་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་སྐུ་བལྟམས་ནས་ལོ་འཁོར་ཉིས་བརྒྱ་ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། མར་ཁེ་སི་རིང་ལུགས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པར་ཤུགས་བསྣན་ཏེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པར་གཞུང་ལུགས་ཀྱི་ཁག་ཐེག་གལ་ཆེན་བརྩོན་ལེན་བྱེད་དགོས་ཟེར།

ཝང་ཧུའུ་ཉིང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་དུས་རབས་གསར་བར་ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ཆེས་གསར་བའི་གཞུང་ལུགས་ཀྱི་གྲུབ་འབྲས་ཡིན་པ་དང་། ཐོག་མའི་གསར་སྐྲུན་རང་བཞིན་དང་འཐབ་ཇུས་རང་བཞིན་རབ་དང་རིམ་པའི་བསམ་བློའི་ལྟ་ཚུལ་གལ་ཆེན་གྱིས་མར་ཁེ་སི་རིང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་བ་དང་། དེ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་རེད། སྤྱི་ཚོགས་ཚན་རིག་གཞུང་ལུགས་ལས་རིགས་ཀྱིས་གཞུང་ལུགས་ཀྱི་ཁག་ཁུར་ཇེ་དྲག་ཏུ་བཏང་ནས། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་གཞུང་ལུགས་ལ་ཞིབ་འཇུག་དང་རྒྱས་བཤད་བྱེད་པའི་ཐད་ནས་རྒྱུན་ཆད་མེད་པར་འཕེལ་རིམ་གསར་བ་ལེན་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་བར་ཞིབ་འཇུག་དང་རྒྱས་བཤད་བྱེད་པའི་ཐད་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ལེན་པ། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་ཞིབ་འཇུག་དང་རྒྱས་བཤད་བྱེད་པའི་ཐད་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་བ་འབྱུང་བར་བྱེད་པ། དེང་སྐབས་ཀྱི་འཛམ་གླིང་ཡོངས་ལ་ཁ་གཏད་པའི་གནད་དོན་གལ་ཆེན་དང་འགྲན་རྩོད་སྣ་ཚོགས་ལ་ཞིབ་འཇུག་དང་ལན་འདེབ་པའི་ཐད་ནས་རྒྱུན་ཆད་མེད་པར་འཕེལ་རིམ་གསར་བ་ལེན་དགོས་ཟེར།

ཧོང་ཁུང་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། བགྲོ་གླེང་གྲོས་ཚོགས་ཀྱི་གཙོ་སྒྲུབ་ལས་ཁུངས་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན། ཆེད་མཁས་པ་དང་ཤེས་ཡོན་ཅན་བཅས་མི་ཉེར་གསུམ་གྱིས་ཚོགས་ཆེན་སྟེང་གཏམ་བཤད། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་མར་ཁེ་སི་རིང་ལུགས་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཆེད་མཁས་པ་དང་ཤེས་ཡོན་པའི་འཐུས་མི། ས་གནས་ཀྱི་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འགན་འཁུར་བློ་མཐུན་སོགས་མི་ཉིས་བརྒྱ་སུམ་ཅུ་ལྷག་བགྲོ་གླེང་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།