ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་འཇར་པན་གྱི་མགྲོན་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

6027c6fe221ad81d20ad107341168911.jpg

ཟླ་ལྔ་བའི་ཚེས་གསུམ་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་པན་རིག་གནས་ཚན་རྩལ་བློན་ཆེན་ལིན་ཧྥང་ཀྲིན་གྱིས་ཁྲིད་པའི་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གྲོས་མིའི་མནའ་འབྲེལ་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་གསུམ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་པན་རིག་གནས་ཚན་རྩལ་བློན་ཆེན་ལིན་ཧྥང་ཀྲིན་གྱིས་ཁྲིད་པའི་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གྲོས་མིའི་མནའ་འབྲེལ་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་། ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོ་དང་འཇར་པན་གཉིས་ནི་ཆུ་རྒྱུད་གཅིག་ཏུ་གནས་པའི་ཁྱིམ་མཚེས་ཡིན་པས་ཕན་ཚུན་ལ་ཁ་འབྲལ་ཐབས་མེད། གཉིས་ཕན་མཉམ་ལས་ནི་ཕྱོགས་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། ཡུན་རིང་གི་མཛའ་བརྩེ་ནི་ཡང་དག་པའི་བདམ་གསེས་ཉག་གཅིག་ཡིན་པ་དེ་རྒྱལ་ཁབ་གཉིས་ཀྱིས་ཡུན་རིང་བོར་འགྲོ་འོང་བྱས་པའི་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད། ང་ཚོས་ལོ་རྒྱུས་སེམས་ལ་དམ་པོར་འཛིན་དགོས་ལ། དེ་ནི་ཞེ་འཁོན་རྒྱུན་འཁྱོངས་བྱེད་རྒྱུ་གཏན་ནས་མིན། འཇར་པན་གྱིས་ཀྱང་ལོ་རྒྱུས་སེམས་ལ་དམ་པོར་བཟུང་ནས་བསླབ་བྱ་བསྡུ་ལེན་བྱས་ཏེ་ལོ་རྒྱུས་དེ་ལྟ་བུ་ཡང་བསྐྱར་འབྱུང་བར་གཏན་འགོག་བྱེད་དགོས། ཕྱོགས་གཉིས་ཀྱིས་ཆེ་ཕྱོགས་ནས་ཕན་ཚུན་གྱི་འཕེལ་རྒྱས་ལ་ལྟ་བ་དང་རྒྱལ་ཁབ་གཉིས་ཀ་མཉམ་ལས་ཀྱི་གྲོགས་པོ་བྱས་ཏེ། ཕན་ཚུན་ལ་འཇིགས་སྣང་མི་སྐུལ་བའི་ཆབ་སྲིད་ཀྱི་ཐུན་མོང་ལྟ་ཚུལ་ལག་བསྟར་བཟང་བོ་བྱེད་པ་དང་། ལོ་རྒྱུས་ལ་དཔེ་ལྟ་བྱས་ཏེ་མ་འོངས་པར་ཁ་ཕྱོགས་ནས་ཀྲུང་གོ་དང་འཇར་པན་གཉིས་ཀྱི་འབྲེལ་བ་ཡང་བསྐྱར་ཡང་དག་པའི་བགྲོད་ལམ་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་ནི་ཀྲུང་གོ་དང་འཇར་པན་གཉིས་ཀྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་འཛུགས་དང་རྒྱལ་སྐྱོང་གི་མཉམ་མྱོང་བརྗེ་རེས་ལ་ཤུགས་བསྣན་ཏེ། ཁྱབ་ཁོངས་ཀྱི་མཉམ་ལས་གཙོ་བོར་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་མཐོར་འདེགས་སུ་གཏོང་དགོས་ཟེར།

འཇར་པན་ཕྱོགས་ཀྱིས་བསྟན་དོན། འཇར་པན་དང་ཀྲུང་གོ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཆ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་གཉིས་ཀྱི་ཆེས་གལ་ཆེ་བའི་འབྲེལ་བ་ཡིན། ད་ལོ་ནི་རྒྱལ་ཁབ་གཉིས་བར་མཛའ་མཐུན་འབྲེལ་བའི་ཆིངས་ཡིག་བཀོད་ནས་ལོ་ངོ་བཞི་བཅུ་ལོན་པའི་ལོ་ཡིན། རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་ཚོགས་པས་མུ་མཐུད་དུ་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ནས་ལེགས་བཅོས་བྱེད་པའི་ཐད་ལ་བྱས་རྗེས་དང་སྟོབས་ཤུགས་འབུལ་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།