ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཧིན་རྡུ་ཉི་ཞི་ཡར་དངོས་གཞིའི་འཚམས་འདྲི་གནང་རྒྱུ་དང་ཀྲུང་གོ་དང་འཇར་པན།ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་བདུན་པར་ཞུགས་རྒྱུར་མ་ཟད་འཇར་པན་ལ་འཚམས་འདྲི་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧིན་རྡུ་ཉི་ཞི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཙོ་ཁི་བེ་ཏོ་ཏོ་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཕེས་ཅིན་སན་གཉིས་ཀྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་ལྔ་བའི་ཚེས་དྲུག་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་ཧིན་རྡུ་ཉི་ཞི་ཡར་དངོས་གཞིའི་འཚམས་འདྲི་བྱེད་རྒྱུ་དང་། འཇར་པན་ནས་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་བདུན་པར་ཞུགས་རྒྱུ་མ་ཟད་འཇར་པན་ལ་དངོས་གཞིའི་འཚམས་འདྲི་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།