ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཧྥ་རན་སིའི་དཔལ་འབྱོར་སྤྱི་ཚོགས་ཁོར་ཡུག་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་པེ་ཨར་ན་སི་ཁི་ཉི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

汪洋.jpg

ཟླ5བའི་ཚེས2ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་ཧྥ་རན་སིའི་དཔལ་འབྱོར་སྤྱི་ཚོགས་ཁོར་ཡུག་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་པེ་ཨར་ན་སི་ཁི་ཉི་ལ་མཇལ་འཕྲད་གནང།


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཟླ5བའི་ཚེས2ཉིན་པེ་ཅིན་ནས་ཧྥ་རན་སིའི་དཔལ་འབྱོར་དང་སྤྱི་ཚོགས་ཁོར་ཡུག་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་པེ་ཨར་ན་སི་ཁི་ཉི་ལ་མཇལ་འཕྲད་གནང་།

ཝང་དབྱང་གིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ད་ལོའི་ཟླ་དང་པོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲིར་སོང་བའི་ཙུང་ཐུང་མ་ཁི་ལུང་དང་གཏིང་ཟབ་པའི་གྲོས་མོལ་མཛད་པར་མ་ཟད། ཐུན་མོང་གི་ལྟ་བ་རྒྱ་ཆེན་པོ་བྱུང་སྟེ། དུས་སྐབས་གསར་བའི་ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་མཉམ་ལས་ཇུས་འགོད་བྱས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པའི་གོ་སྐབས་དང་བསྟུན་ནས། སྟོབས་ཤུགས་ཡོད་རྒུས་ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་དང་ཀྲུང་གོ་དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱིས་ཧྥ་རན་སིའི་དཔལ་འབྱོར་སྤྱི་ཚོགས་ཁོར་ཡུག་ལས་འཛིན་ལྷན་ཚོགས་བར་གྱི་མཛའ་མཐུན་བརྗེ་རེས་དང་མཉམ་ལས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཟེར།

པེ་ཨར་ན་སི་ཁི་ཉི་ཡིས་བཤད་རྒྱུར། ཧྥ་རན་སིའི་སྤྱི་ཚོགས་དཔལ་འབྱོར་ཁོར་ཡུག་ལས་འཛིན་ལྷན་ཚོགས་ཀྱིས་ཧྥ་རན་སི་དང་ཀྲུང་གོ་བར་གྱི་བརྗེ་རེས་དང་མཉམ་ལས་ལ་མུ་མཐུད་དུ་རྒྱབ་སྐྱོར་ཆེན་པོ་བྱས་ནས། ཧྥ་རན་སི་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་དང་། ཡོ་རོབ་གླིང་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ནུས་པ་བཟང་བོ་འདོན་སྤེལ་བྱེད་རྒྱུ་ཡིན་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།