ཀྲུང་གོ་བོད་ཀྱི་དྲ་བ།

2018ལོའི་སློབ་ཆེན་སློབ་མའི་དང་བླངས་པས་ནུབ་རྒྱུད་ལ་ཞབས་འདེགས་ཞུ་བའི་འཆར་གཞི་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ནས་ཤེས་རྟོགས་བྱུར་བར། ཉིན་ཤས་གོང་། 2018ལོའི་སློབ་ཆེན་སློབ་མའི་དང་བླངས་པས་ནུབ་རྒྱུད་ལ་ཞབས་འདེགས་ཞུ་བའི་འཆར་གཞི་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་རེད། 2018ལོའི་ནུབ་རྒྱུད་ཀྱི་འཆར་གཞི་ལག་བསྟར་ལ་མུ་མཐུད་མི18300བཏང་ནས་རྨང་གཞིའི་སློབ་གསོ་དང་། ཞིང་གསུམ་ལ་ཞབས་འདེགས། སྨན་བཅོས་འཕྲོད་བསྟེན། གཞི་རིམ་གཞོན་ནུའི་ལས་དོན། གཞི་རིམ་སྤྱི་ཚོགས་དོ་དམ། ཤིན་ཅང་ལ་ཞབས་འདེགས། བོད་ལ་ཞབས་འདེགས་བཅས་ཆེད་དམིགས་རྣམ་གྲངས7ལ་དབྱེ་ཡོད།

ཚེས23ཉིན་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་། སློབ་གསོ་པུའུ། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་སྡེ་ཚོགས་ཀྲུང་དབྱང་གི་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དབྱིན་ཏུང་མའེ་ཡིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས་ནུབ་རྒྱུད་ཀྱི་འཆར་གཞིས་རྒྱལ་ཁབ་ཀྱི་གཙོ་གནད་འཐབ་ཇུས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། མི་རིགས་ས་ཁུལ་དང་། མཐའ་མཚམས་ས་ཁུལ། ས་ཁུལ་དབུལ་པོ། གསར་བརྗེའི་ཁུལ་རྙིང་བཅས་སུ་ལག་བསྟར་གྱི་གཞི་ཁྱོན་རྒྱུན་འཁྱོངས་དང་རྒྱ་ཆེར་གཏོང་དགོས་པ། ཤིན་ཏུ་དབུལ་པོའི་ས་ཁུལ་དུ་ལས་གནས་བཀོད་སྒྲིག་བྱ་རྒྱུ་སྔར་བས་ལེགས་སྒྲིག་བྱེད་དགོས་པ། རྨང་གཞིའི་སློབ་གསོའི་ཆེད་དམིགས་རྣམ་གྲངས་ཀྱི་གཞི་ཁྱོན་སྔར་བས་རྒྱ་ཆེར་གཏོང་དགོས་པ། ཕུལ་བྱུང་གི་ཤེས་ལྡན་པ་ཤར་རྒྱུད་དང་དབུས་རྒྱུད་ནས་ནུབ་རྒྱུད་ས་ཁུལ་དུ་གཏོང་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། 2018ལོའི་ནུབ་རྒྱུད་འཆར་གཞིར་ཟླ4ཚེས27ཉིན་ནས་ཟླ6ཚེས10ཉིན་བར་མཐོ་རིམ་སློབ་གྲྭ་དཀྱུས་མའི་འདི་ལོའི་སློབ་ཐོན་སློབ་མའམ་ཡང་ན་སློབ་སྦྱོང་བྱེད་བཞིན་པའི་ཞིབ་འཇུག་སློབ་མས་མིང་ཐོ་འགོད་ཆོག ཞིབ་ཕྲའི་གནས་ཚུལ“ནུབ་རྒྱུད་དང་བླངས་ཕྱོགས་བསྡུས”ཞེས་པའི་སྐད་འཕྲིན་གྱི་སྤྱི་རྟགས་སམ་ཡང་ན་ནུབ་རྒྱུད་འཆར་གཞིའི་གཞུང་ཕྱོགས་ཀྱི་དྲ་ཚུགས་ལ་ཞུགས་ནས་བློ་འདྲི་བྱེད་ཆོག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།