ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སྐབས་དང་པོའི་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་དབུ་ཚོགས་འགོ་ཚུགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་དང་པོའི་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་དབུ་ཚོགས་འགོ་ཚུགས་པའི་དུས་འདིར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་སྟེ། དབུ་ཚོགས་འགོ་ཚུགས་པར་སྙིང་དབུས་ནས་རྟེན་འབྲེལ་ཞུས་པ་དང་འབྲེལ་ཚོགས་ཞུགས་ལས་རིགས་ཁག་གི་མི་སྣ་ཚོར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཡང་ཞུས་པ་རེད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་དེང་གི་དུས་སུ་ཆ་འཕྲིན་ལག་རྩལ་གསར་གཏོད་དེ་ཉིན་རེ་ལས་ཉིན་རེ་མ་འདས་པར་འགྱུར་ལྡོག་འགྲོ་བ་དང་ཆབས་ཅིག་གྲངས་འཛིན་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏིང་ཟབ་འགྲོ་བཞིན་ཡོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་གཏོང་བ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བ་བཅས་ཀྱི་ཐད་ཆ་འཕྲིན་ལག་རྩལ་གསར་གཏོད་དེ་ལས་གལ་འགངས་ཇེ་ཆེར་འགྲོ་བའི་ནུས་པ་ཞིག་ཐོན་བཞིན་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས2000ལོར་ཧྥུའུ་ཅན་དུ་ལས་ཀ་བྱེད་སྐབས་ངས་གྲངས་འཛིན་ཧྥུའུ་ཅན་འཛུགས་སྐྲུན་བྱ་རྒྱུ་བཀོད་སྒྲིག་བྱས་པ་ཡིན། ལོ་མང་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད། གློག་རྡུལ་སྲིད་དོན་དང་། གྲངས་འཛིན་དཔལ་འབྱོར། རིག་ལྡན་སྤྱི་ཚོགས་སོགས་ཀྱི་ཐད་ཧྥུའུ་ཅན་ལ་འཕེལ་རྒྱས་མྱུར་པོ་བྱུང་འདུག་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་འཛུགས་རྒྱུ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱ་རྒྱུ་བཅས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་པ་དང་དེ་བཞིན་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་དང་། གྲངས་འཛིན་ཀྲུང་གོ རིག་ལྡན་སྤྱི་ཚོགས་བཅས་འཛུགས་སྐྲུན་བྱ་རྒྱུ་འཐབ་ཇུས་བཀོད་སྒྲིག་ཀྱང་བྱས་ཡོད། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་མགྱོགས་པོ་བྱེད་དགོས་ཞེས་པ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་གནས་བབ་གསར་པ་དང་མཐུན་པར་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་ཤིང་། ཆ་འཕྲིན་ཅན་ལ་བརྟེན་ནས་སྒུལ་ནུས་གསར་པ་སྐྱེད་སྲིང་དང་། སྒུལ་ནུས་གསར་པར་བརྟེན་ནས་འཕེལ་རྒྱས་གསར་པར་སྐུལ་འདེད། འཕེལ་རྒྱས་གསར་པར་བརྟེན་ནས་འོད་སྟོང་གསར་པ་གསར་གཏོད་བཅས་བྱེད་དགོས་པ་དེ་ཡིན་ཞེས་ནན་བཤད་གནང་ཡོད།

ཞི་ཅིན་ཕིང་གིས་སྐབས་འདིའི་དབུ་ཚོགས་ཀྱིས“ཆ་འཕྲིན་ཅན་ལ་བརྟེན་ནས་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་མགྱོགས་པོ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བཟུང་ནས་རང་རྒྱལ་གྱི་གློག་རྡུལ་སྲིད་དོན་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་བསྟན་རྒྱུ་དང་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་མྱོང་བ་དང་ལྟ་སྟངས་སྤེལ་རེས་བྱས་ནས་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་མཐུན་ཡོང་བ་བྱ་རྒྱུ་ཡིན། དེ་ལས་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་སྤྱི་ཚོགས་ལས་རིགས་ཁག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་སོང་སྟེ་ཆ་འཕྲིན་ཅན་ལ་བརྟེན་ནས་སྤྱི་ཚོགས་དང་མི་དམངས་ལ་བདེ་སྐྱིད་སྔར་བས་ཆེན་པོ་བསྐྲུན་རྒྱུར་སྐུལ་འདེད་ཐེབས་ངེས་ཡིན་ཞེས་བསྟན་གནང་ཡོད།

ཚེས22ཉིན་གྱི་སྔ་དྲོ་སྐབས་དང་པོའི་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་དབུ་ཚོགས་ཧྥུའུ་ཅན་གྱི་ཧྥུའུ་ཀྲོའུ་རུ་འགོ་ཚུགས་ཤིང་། འགོ་ཚུགས་མཛད་སྒོའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་བཞེད་དོན་གཙོ་བའི་གཏམ་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས་དགོངས་པ་དང་མཛུབ་ཁྲིད་བླང་བྱ་ཁག་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས་པ་དང་། རྒྱལ་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱེད་དགོས་པ། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ་སྲོག་ཤིང་ལག་རྩལ་ཚད་བརྒལ་མགྱོགས་པོ་ཡོང་བ་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་ལེགས་སྒྲིག་རིམ་སྤོར་ལ་སྐུལ་འདེད་གཏོང་བ། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། གྲངས་འཛིན་གྱི་ཕན་པ་ཧུར་ཐག་འདོན་ཐུབ་པ་བཅས་བྱེད་དགོས། ཆ་འཕྲིན་ཅན་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་དང་མི་དམངས་ལ་བདེ་སྐྱིད་སྔར་བས་ཆེན་པོ་སྐྲུན་དགོས་ཞེས་གསུངས་པ་རེད།

སྐབས་དང་པོའི་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་དབུ་ཚོགས་ཚེས22ནས་ཚེས24ཉིན་བར་འཚོག་རྒྱུ་དང་། རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། བཟོ་འཕྲིན་པུའུ། ཧྥུའུ་ཅན་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱ་རྒྱུ། དེའི་ནང་གླེང་སྟེགས་གཙོ་བོ་དང་། ཡན་ལག་གླེང་སྟེགས། གྲུབ་འབྲས་འགྲེམས་ཚོགས། སྙན་སེང་ཁྱབ་བསྒྲགས། ལག་ལེན་ཡག་ཤོས་ངོ་སྤྲོད་སོགས་ལྷུ་ཚིགས་ཚུད་ཡོད། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དྲ་འཕྲིན་སྡེ་ཚན་བཅས་ཀྱི་འགན་ཁུར་བ་དང་། ལས་རིགས་སྒྲིག་འཛུགས་འགན་ཁུར་བ། ཐོན་ལས་ལས་རིགས་ཀྱི་འཐུས་མི། རིགས་གཅིག་མཁས་པ་དང་མཁས་དབང་། རིག་མཛོད་ཀྱི་འཐུས་མི་སོགས་མི800ཙམ་དབུ་ཚོགས་ལ་ཞུགས་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།