ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ཀྲང་ལ་མཉམ་དུ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1569055fad6de7586f888020d1c6b5af.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ཀྲང་ལ་མཉམ་དུ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་གསུམ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ཀྲང་ལ་མཉམ་དུ་མཇལ་འཕྲད་གནང་། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཀྲང་ཧྲིའོ་དབྱི་ཀུའུ་དང་ཧ་སག་སི་ཐན་གྱི་རྒྱལ་སྲུང་པུའུ་ཀྲང་ཀྲ་སུའུ་ཀྲ་ཁི་ཧྥུའུ། ཅི་ཨར་ཅི་སི་སི་ཐན་སྤྱི་མཐུན་རྒྱལ་ཁབ་དྲག་ཆས་སྟོབས་ཤུགས་ཀྱི་སྤྱིའི་ཇུས་འདོམས་དཔོན་པོ་ཏུའུ་དབྱི་ཧྲིན་པིས་ཡེ་ཧྥུའུ། ཕ་ཁི་སི་ཐན་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཏ་སི་ཐི་ཅི་ཨར་ཧན། ཐ་ཅི་ཁི་སི་ཐན་གྱི་རྒྱལ་སྲུང་པུའུ་ཀྲང་སྨིས་ཨར་ཙོ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་སོ་བེ་ཐོ་བེ་ཆི། ཧྲང་ཧེ་མཉམ་ལས་རྩ་འཛུགས་ས་ཁུལ་གྱི་འཇིགས་སྐུལ་ངོ་རྒོལ་བྱེད་ལས་ཁུངས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཅི་ཡོ་སོ་ཧྥུའུ་སོགས་མཇལ་འཕྲད་ལ་ཞུགས།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོག་སྲུང་ལས་དོན་སྡེ་ཁག་དང་དམག་དཔུང་གིས་འགོ་གཙོ་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་ལག་བསྟར་ནན་མོ་བྱས་ནས། འགོག་སྲུང་ལས་དོན་སྡེ་ཁག་དང་དམག་དཔུང་གི་འགོ་ཁྲིད་གྲོས་ཚོགས་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ཧུར་ཐག་སྒོས་གཏིང་ཟབ་ཏུ་སྤེལ་ཏེ། ས་ཁུལ་གྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ལ་བྱས་རྗེས་བཟང་བོ་བཏོན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། བདེ་འཇགས་ནི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པས། ང་ཚོས་སྔར་ལྟར་ས་ཁུལ་གྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དེ་རྩ་འཛུགས་རང་གི་བྱ་བའི་སྔོན་སྐྱོད་ཁ་ཕྱོགས་སུ་བརྩི་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་སྤྱི་ཁོག་འོག་གི་འགོག་སྲུང་བདེ་འཇགས་མཉམ་ལས་སྤེལ་བ་དང་། ཕྱོགས་སོ་སོ་དང་མཉམ་དུ་རྩ་འཛུགས་ཀྱི་རྩ་ཁྲིམས་དང་རྒྱལ་ཁབ་སོ་སོའི་འགོ་གཙོ་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བར་བརྩི་སྲུང་བྱས་ནས། ཕན་ཚུན་བར་ཡིད་ཆེས་དང་མཉམ་ལས་བྱེད་པ་དང་། འདྲ་མཉམ་གྲོས་མོལ་བྱེད་པའི་རྨང་གཞིའི་སྟེང་མཉམ་དུ་འགོད་སྲུང་བདེ་འཇགས་མཉམ་ལས་ཀྱི་འཕེལ་རྒྱས་ཇུས་གཞི་འགོད་པ་དང་། འགོག་སྲུང་བདེ་འཇགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། མཉམ་ལས་ཀྱི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་། སྔར་ལས་འཐུས་ཚང་ཡིན་པའི་བདེ་འཇགས་མཉམ་ལས་མ་ལག་བཙུགས་ཏེ། ས་ཁུལ་ཡུན་སྐྱོང་བདེ་འགོད་ཡོང་བ་དང་དར་རྒྱས་གོང་འཕེལ་དུ་གཏོང་བར་ཁག་ཐེག་བྱེད་པའི་ཐད་ལ་བྱས་རྗེས་འཇོག་འདོད་ཡོད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཀྲང་ཧྲིའོ་དབྱི་ཀུའུ་ཡིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ཀྲང་གི་ཚབ་བྱས་ཏེ་གཏམ་བཤད་སྤེལ། ཁོས་བཤད་རྒྱུར། ང་ཚོས་ཀྲུང་གོའི་འཕེལ་རྒྱས་དང་རྒྱལ་སྲུང་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་ལ་གོང་བཀུར་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་ཁབ་སོ་སོའི་འགོ་གཙོས་མཉམ་དུ་ཐུགས་ཁུར་དང་མཛུབ་ཁྲིད་གནང་འོག རྩ་འཛུགས་རང་གི་འགོག་སྲུང་མཉམ་ལས་ལས་དོན་གོ་སྐབས་དེའི་རྒྱལ་སྲུང་པུའུ་ཀྲང་གྲོས་ཚོགས་དང་བསྟུན་ནས་ཆུ་ཚད་གསར་བ་ཞིག་ཏུ་བསླེབས་ནས། རྒྱལ་ཁབ་སོ་སོའི་འཐབ་ཇུས་ཁེ་ཕན་དང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།

བེ་ཧྥིན་ཧི་སོགས་མཇལ་འཕྲད་ལ་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།