ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སྐྱེ་ཁམས་གཞིས་སྡོད་ཀྱི་མཛེས་སྡུག་ཞིང་སྡེ་འཛུགས་སྐྲུན་བྱེད་པའི་ཐད་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། ལོ་ངོ་གསུམ་རིང་གི་ཞིང་སྡེའི་སྡོད་དམངས་ཁོར་ཡུག་དག་ཐེར་བཅོས་སྐྱོང་འགུལ་སྐྱོད་དང་ཞིང་སྡེ་དར་རྒྱས་འཐབ་ཇུས་གཉིས་ཟུང་སྦྲེལ་གྱིས་ལག་བསྟར་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་ཀྲེ་ཅང་གི་ཉམས་མྱོང་དང་བྱེད་ཐབས་བཟང་བོ་དར་སྤེལ་བྱས་ནས་སྐྱེ་ཁམས་གཞིས་སྡོད་ཀྱི་མཛེས་སྡུག་ཞིང་སྡེ་འཛུགས་སྐྲུན་བཟང་བོ་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲེ་ཅང་ཞིང་ཆེན་གྱིས་ལོ་ངོ་བཅོ་ལྔའི་རིང་ནན་ཏན་གྱིས་སྟོང་སྡེ་དཔེ་སྟོན་ཡར་སྐུལ་དང་ཁྲི་སྡེ་དག་ཐེར་བཅོས་སྐྱོང་གི་བཟོ་སྐྲུན་སྤེལ་བ་དང་། མཛེས་སྡུག་གི་ཞིང་སྡེ་ཁྲི་སྟོང་གསར་བ་འཛུགས་སྐྲུན་བྱས་པས་ཕན་འབྲས་མངོན་གསལ་ཐོབ། ངས་ཐེངས་གང་མང་ཞིག་ལ། འཕེལ་རྒྱས་མྱུར་བའི་ས་ཁུལ་དང་འཕེལ་རྒྱས་དལ་བའི་ས་ཁུལ་གང་ཡིན་རུང་། ཚང་མས་ཞིང་སྡེའི་ཁོར་ཡུག་དག་ཐེར་བཅོས་སྐྱོང་གི་ལས་དོན་ནན་ཏན་གྱིས་སྤེལ་དགོས་པ་དང་ཚད་གཞི་ལ་མཐོ་དམའ་གང་རུང་ལྡན་ཡང་ཆོག་ཅེས་བཤད་མྱོང་། ལོ་ངོ་གསུམ་རིང་གི་ཞིང་སྡེའི་སྡོད་དམངས་ཁོར་ཡུག་དག་ཐེར་བཅོས་སྐྱོང་འགུལ་སྐྱོད་དང་ཞིང་སྡེ་དར་རྒྱས་འཐབ་ཇུས་གཉིས་ཟུང་སྦྲེལ་གྱིས་ལག་བསྟར་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་ཀྲེ་ཅང་གི་ཉམས་མྱོང་དང་བྱེད་ཐབས་བཟང་བོ་དར་སྤེལ་བཏང་ནས། གནས་བབ་དང་བསྟུན་ནས་གནད་འཁེལ་སྲིད་སྐྱོང་བྱས་པ་ལས། སྲིད་འབྲས་བཟོ་སྐྲུན་དང་སྣང་བརྙན་བཟོ་སྐྲུན་ལག་བསྟར་མི་བྱེད་པར་བྱ་བ་རེ་རེ་ལོ་ནས་ལོར་མཐུད་དེ་བསྒྲུབ་དགོས་པ་དང་། སྐྱེ་ཁམས་གཞིས་སྡོད་ཀྱི་མཛེས་སྡུག་ཞིང་སྡེ་འཛུགས་སྐྲུན་བཟང་བོ་བྱས་ནས་རྒྱ་ཆེ་བའི་ཞིང་བ་མང་ཚོགས་ལ་ཞིང་སྡེ་དར་རྒྱས་ཁྲོད་ཐོབ་ཚོར་དང་སྐྱིད་སྣང་སྟེར་དགོས།

ཀྲེ་ཅང་ཞིང་ཆེན་གྱིས་ཉིས་སྟོང་གསུམ་ལོར་ལག་བསྟར་བྱས་པའི་སྟོང་སྡེ་དཔེ་སྟོན་ཡར་སྐུལ་དང་ཁྲི་སྡེ་དག་ཐེར་བཅོས་སྐྱོང་གི་བཟོ་སྐྲུན་གྱིས་ནུས་ཡོད་སྒོས་ཀྲེ་ཅང་གི་ཞིང་སྡེའི་རྣམ་པ་དང་དཔལ་འབྱོར་གསོན་ཤུགས། ཞིང་བའི་འཚོ་བའི་ཆུ་ཚད་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་ཚུད་པར་བྱས་པ་དང་། རང་རྒྱལ་གྱི་མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་དང་ཞིང་སྡེ་དར་རྒྱས་འཐབ་ཇུས་ཀྱི་ཕྱོགས་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱས་ཡོད། ཉིས་སྟོང་བཅུ་བདུན་ལོའི་ལོ་སྨད་བར་དུ། ཀྲེ་ཅང་ཞིང་ཆེན་གྱི་སྲིད་འཛིན་སྡེ་བ་ཁྲི་གཉིས་ལྷག་གིས་ཞིང་སྡེའི་དག་ཐེར་བཅོས་སྐྱོང་འཛུགས་སྐྲུན་ཡོངས་འགྲུབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་སྡེ་བའི་སྡོམ་གྲངས་ཀྱི་བརྒྱ་ཆའི་གོ་བདུན་ལ་སླེབས་ཡོད། བརྒྱ་ཆའི་དོན་བཞི་ཡི་ཞིང་བའི་གསང་སྤྱོད་དང་ཟ་ཁང་། གྱོན་པ་འཁྲུད་ཆས་ཀྱི་བཙོག་ཆུའི་རིགས་ལ་བཅོས་སྐྱོང་ཐོབ་པ་དང་། འཚོ་བའི་གད་སྙིགས་གཅིག་སྡུད་དང་ཕན་འབྲས་ལྡན་པའི་ངང་ནས་ཐག་གཅོད་བྱེད་ཚད་སྲིད་འཛིན་སྡེ་བ་ཡོངས་ལ་ཁྱབ་ཡོད་པ་དང་། བརྒྱ་ཆའི་ཞེ་གཅིག་གི་སྲིད་འཛིན་སྡེ་བས་འཚོ་བའི་གད་སྙིགས་རིགས་དབྱེ་ནས་ཐག་གཅོད་བྱེད་པ་ལག་བསྟར་བྱས་ཡོད།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།