ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་བཙུགས་སྡེ་ཁག་སྐོར་གཉིས་པས་སོ་སོར་སྒོ་བྱང་བཀལ་བ་དང་ཧན་ཀྲིན་འཕྲལ་བསྟུན་དོ་དམ་པུའུ་ཡི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

02f44c1b489fa1fcdf956bf128c781cb.png

ཟླ་བཞི་པའི་ཚེས་བཅུ་དྲུག་ཉིན། སྐྱེ་ཁམས་ཁོར་ཡུག་པུའུ་དང་། དམག་ཁོངས་ལས་བུད་པའི་དམག་མིའི་ལས་དོན་པུའུ། འཕྲལ་བསྟུན་དོ་དམ་པུའུ་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་བཙུགས་སྡེ་ཁག་སྐོར་གཉིས་པས་སོ་སོར་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་ཏེ། དངོས་སུ་ཕྱི་ཕྱོགས་ལ་འགན་ནུས་ལག་བསྟར་བྱེད་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་འཕྲལ་བསྟུན་དོ་དམ་པུའུ་ཡི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པར་མ་ཟད། འཕྲལ་བསྟུན་དོ་དམ་པུའུ་ཡི་བཀོད་འདོམས་ལྟེ་གནས་སུ་བྱ་བར་རྟོག་དཔྱོད་ཞིབ་མཇུག་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས16ཉིན། སྐྱེ་ཁམས་ཁོར་ཡུག་པུའུ་དང་། དམག་ཁོངས་ལས་བུད་པའི་དམག་མིའི་ལས་དོན་པུའུ། འཕྲལ་བསྟུན་དོ་དམ་པུའུ་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་བཙུགས་སྡེ་ཁག་སྐོར་གཉིས་པས་སོ་སོར་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་ཏེ། དངོས་སུ་ཕྱི་ཕྱོགས་ལ་འགན་ནུས་ལག་བསྟར་བྱེད་མགོ་བརྩམས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་འཕྲལ་བསྟུན་དོ་དམ་པུའུ་ཡི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པར་མ་ཟད། འཕྲལ་བསྟུན་དོ་དམ་པུའུ་ཡི་བཀོད་འདོམས་ལྟེ་གནས་སུ་བྱ་བར་རྟོག་དཔྱོད་ཞིབ་མཇུག་མཛད་དེ། བཀོད་འདོམས་ལྟེ་གནས་དང་དེའི་མ་ལག་གཙོ་བོའི་ནུས་པ་མཚམས་སྦྱོར་བྱས་པར་གསན་པ་དང་། གཞི་རིམ་གྱི་ལས་རེས་ལས་ཁུངས་ལ་ཡུལ་དངོས་ནས་བརྙན་རིས་ལས་འབྲེལ་འདྲིས་བྱས་ཏེ། འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་མཛད། ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། འཕྲལ་བསྟུན་དོ་དམ་པུའུ་ཡི་ལས་ཁུངས་བཅོས་སྒྱུར་ཏན་ཏིག་གིས་སྤེལ་བ་དང་། རྒྱལ་ཁབ་ཀྱི་འཕྲལ་བསྟུན་དོ་དམ་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བ་དང་། གནོད་འགོག་གནོད་སེལ་རྒུད་སྐྱོབ་ནུས་པ་མཐོར་འདེགས་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་གཏན་འཇགས་ལ་ཁག་ཐེག་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་བསྟན་དོན། འཕྲལ་བསྟུན་དོ་དམ་པུའུ་འཛུགས་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། གཅིག་གྱུར་གྱིས་མགོ་ཁྲིད་པ་དང་། དབང་འགན་གཅིག་གྱུར་ཡིན་པ་དང་། དབང་ཟིལ་ཆེ་ཞིང་ཕན་འབྲས་མཐོ་བའི་རྒྱལ་ཁབ་འཕྲལ་བསྟུན་ནུས་པའི་མ་ལག་འཛུགས་པར་དམིགས་ནས་ཐག་བཅད་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན་ལ། དེ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་དོན་སྙིང་གལ་ཆེན་ལྡན་པས། ཧུར་བརྩོན་བརྟན་བརླིང་དང་ནུས་ཡོད་རིམ་ལྡན་སྒོས་འཕྲལ་བསྟུན་དོ་དམ་པུའུ་འཛུགས་པའི་བྱ་བ་སྣ་ཚོགས་སྤེལ་ནས། བཅོས་སྒྱུར་བར་མེད་དུ་སྦྲེལ་མཐུད་བྱེད་པར་ཁག་ཐེག་བྱེད་དགོས། འཕྲལ་བསྟུན་དོ་དམ་པུའུ་ཡི་བཀོད་འདོམས་ལྟེ་གནས་འཛུགས་སྐྲུན་བཟང་པོ་བྱས་ཏེ། གནོད་འཚེ་འབྱུང་སྐབས་གང་མྱུར་སྒོས་ཁ་གཏད་འཇལ་བ་དང་། གཅིག་བསྡུས་གཅིག་གྱུར་གྱི་བཀོད་འདོམས་བྱེད་པ། གང་མྱུར་དུ་ཐག་གཅོད་བྱེད་པ་བཅས་ལ་ཁག་ཐེག་བྱེད་དགོས་པ་དང་། ཕན་འབྲས་སྔར་ལས་མཐོ་བའི་སྒོ་ནས་འཕྲལ་བསྟུན་སྟོབས་ཤུགས་དང་ཐོན་ཁུངས་སྣ་ཚོགས་འཕྲལ་བསྟུན་དོ་དམ་བྱ་བའི་ཁྲོད་དུ་བཀོལ་དགོས། འདུ་ཤེས་བཞི་བརྟན་པོར་བཅངས་པ་དང་རང་རྟོན་བཞི་ཇེ་བརྟན་དུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་བཀའ་ཁྱབ་གེགས་མེད་དུ་ལག་བསྟར་བྱེད་པར་ཁག་ཐེག་བྱས་ཏེ། ཀུན་སྤྱོད་བཟང་ཞིང་དང་བློ་རྩ་བརྟན་ལ། བརྩོན་པ་བསྐྱེད་ཐུབ་པའི་འཕྲལ་བསྟུན་དོ་དམ་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས་ཟེར།

སུན་ཁྲུན་ལན་དང་ཝང་ཡུང་། ཞའོ་ཅེ་བཅས་འབྲེལ་ཡོད་སྡེ་ཁག་གི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།