ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་སྐད་རིགས་མང་པོའི་དཔེ་དེབ་གཉིས་པའི་འགྲེམ་སྤེལ་མཛད་སྒོ་དབྱིན་ཇི་རྒྱལ་ཁབ་ཀྱི་ལུང་ཏུན་གྲོང་ཁྱེར་ནས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས11ཉིན། ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་དང་ཀྲུང་གོ་ཕྱི་རྒྱལ་ཡིག་རིགས་ཅུའུ། དབྱིན་ཇུ་ན་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་གཙོ་བསྒྲུབས་བྱས་པའི་ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་སྐད་རིགས་མང་པོའི་དཔེ་དེབ་གཉིས་པའི་འགྲེམ་སྤེལ་མཛད་སྒོ་དབྱིན་ཇི་རྒྱལ་ཁབ་ཀྱི་ལུང་ཏུན་གྲོང་ཁྱེར་ནས་བསྡུས།

ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་དང་དེ་མིན་འབྲེལ་ཡོད་རྒྱལ་ཁབ་ཀྱི་སྲིད་གཞུང་དང་ཚོང་ལས་ལས་རིགས། རིག་གཞུང་ལས་རིགས། གསར་འགྱུར་ལས་རིགས། རྒྱལ་ཁབ་དང་ས་གནས་བཅུ་བཞིའི་རྒྱལ་སྤྱིའི་མིང་གྲགས་དཔེ་སྐྲུན་འགྲེམ་སྤེལ་ལས་ཁུངས་བཅས་ནས་ཡོང་བའི་འཐུས་མི་བསྡོམས་པས་སུམ་བརྒྱ་ལྷག་འགྲེམ་སྤེལ་མཛད་སྒོར་ཞུགས།

ཀྲུང་གོ་ཕྱོགས་ཀྱིས་བསྟན་དོན། ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་དཔེ་དེབ་ནང་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཕེལ་རྒྱས་བསམ་ཕྱོགས་དང་ཕུན་སུམ་ཚོགས་པའི་ནང་དོན་གསལ་བོར་མཚོན་པར་བྱས་ཡོད་པས། དབྱིན་ཇི་དང་རྒྱལ་སྤྱིའི་ལས་རིགས་ཀྱི་སྤུན་ཟླས་གསུང་རྩོམ་འདི་ཀློག་རྗེས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མི་གཞུང་ལ་རྩ་བ་ཚུགས་ཤིང་མི་དམངས་ཀྱི་ལངས་ཕྱོགས་ལ་རྐང་བཙུགས་པ་དང་། མིའི་རིགས་ཀྱི་མ་འོངས་པའི་བསམ་བློར་དམིགས་ཡོད་པ་བཅས་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་དཔེ་དེབ་དེ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཀྲུང་གུང་ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་ཀྲུང་གོ་ཕྱི་རྒྱལ་ཡིག་རིགས་ཅུའུ་དང་མཉམ་དུ་རྩོམ་སྒྲིག་བྱས་པ་དང་། དེའི་ནང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉིས་སྟོང་བཅུ་བཞི་ལོའི་ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་ནས་ཉིས་སྟོང་བཅུ་བདུན་ལོའི་ཟླ་དགུ་བའི་ཚེས་ཉེར་དགུ་ཉིན་བར་གྱི་གསུང་བཤད་སོགས་རྩོམ་ཡིག་གོ་དགུ་བཀོད་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།