ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཧིན་རྡུ་ཉི་ཞི་ཡའི་མགྲོན་པོར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

712a9aa67db6d83fe88309f22d46817f.jpg

ཟླ4བའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁིའི་ཆེད་མངག་ཕོ་ཉ། རྒྱ་མཚོ་གཅིག་གྱུར་འཆར་འགོད་པུའུ་ཀྲང་ལུའུ་ཧུའུ་ཐི་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས12ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁིའི་ཆེད་མངག་ཕོ་ཉ། རྒྱ་མཚོ་གཅིག་གྱུར་འཆར་འགོད་པུའུ་ཀྲང་ལུའུ་ཧུའུ་ཐི་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་རྒྱ་མཚོ་གཅིག་གིས་སྦྲེལ་ཡོད་ལ། ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ལྡན། ད་ལོ་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་ལོན་པས། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་མཐོ་རིམ་བར་གྱི་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྲོས་གཞི་དང་ཧིན་རྡུ་ཉི་ཞི་ཡའི་འཕེལ་རྒྱས་འཐབ་ཇུས་གཉིས་འབྲེལ་འདྲིས་བྱེད་པར་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཁྱད་སྟོབས་འདོན་སྤེལ་བྱེད་པ། རྨང་གཞིའི་སྒྲིག་ཆས་དང་དངུལ་གཏོང་། ཐོན་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

ལུའུ་ཧུའུ་ཐི་ཡིས་བཤད་རྒྱུར། ཐེངས་འདིར་ང་རང་ཙུང་ཐུང་ཙོ་ཁིའི་ཆེད་མངག་ཕོ་ཉའི་ཚུལ་གྱིས་ཀྲུང་གོར་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་ཀྲུང་གོ་ཕྱོགས་ཀྱི་རྒྱུད་གཅིག་ལམ་གཅིག་དང་ཧིན་རྡུ་ཉི་ཞི་ཡིའི་ས་ཁོངས་ཕྱོགས་བསྡུས་དཔལ་འབྱོར་བར་ཁྱམས་སོགས་འཐབ་ཇུས་འབྲེལ་འདྲིས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུ་དེ་ཡིན། ཙུང་ལི་ལིས་ཁི་ཆང་ཧིན་རྡུ་ཉི་ཞི་ཡར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་ལ་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་འབྱུང་བར་སྔར་ལས་སྐུལ་འདེད་གཏོང་དགོས་ཟེར།

ཝང་དབྱི་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།