ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

eb022af06063e8788a9a5fa56e212a73.jpg

ཟླ4བའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་པར་ཡོང་བ་དང་པའོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི་ལོ་ཚོགས་སུ་ཞུགས་པར་ཡོང་བའི་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི་དང་གྲོས་མོལ་མཛད། པར་འདི་ནི་གྲོས་མོལ་མ་བྱས་གོང་། ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་ལོས་ཐི་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་པའི་ཚུལ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས12ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་པར་ཡོང་བ་དང་པའོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི་ལོ་ཚོགས་སུ་ཞུགས་པར་ཡོང་བའི་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་གསུངས་རྒྱུར། ཧོ་ལན་ནི་ཡོ་རོབ་གླིང་མནའ་འབྲེལ་དུ་ཡོད་པའི་ཀྲུང་གོའི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཡིན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་སྲུང་འཛིན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཕྱོགས་དང་མཐོ་རིམ་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཁྱོན་ཡོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། ཀྲུང་གོ་དང་ཧོ་ལན་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་ལ་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། དེང་སྐབས་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གནས་བབ་ཐད་ལ་སྔར་བཞིན་བརྟན་འཇགས་མིན་པའི་རྒྱུ་རྐྱེན་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་བར་མཐུན་སྒྲིལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཧོ་ལན་ཕྱོགས་དང་ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་དང་མཉམ་དུ་འཛམ་གླིང་ཉོ་ཚོང་རྩ་འཛུགས་གཙོ་ཡིན་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞི་ལ་སྲུང་སྐྱོབ་བྱེད་པ་དང་། ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་རྒྱབ་སྐྱོར་བྱས་ཏེ། དཔལ་འབྱོར་འཛམ་གླིང་ཅན་དུ་བསྒྱུར་བ་དེ་སྔར་ལས་སྒོ་འབྱེད་དང་བཟོད་སྒོམ། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལོས་ཐི་ཡིས་བཤད་རྒྱུར། ཧོ་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཐབ་ཇུས་འབྲེལ་འདྲིས་དང་གྲོས་མོལ་ལ་སྔར་ལས་ཤུགས་སྣོན་པ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཡོ་རོབ་གླིང་དང་ཀྲུང་གོ་བར་གྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ལ། ཧོ་ལན་ཕྱོགས་ཀྱིས་རང་དབང་ཉོ་ཚོང་ལ་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་སྲུང་སྐྱོབ་རིང་ལུགས་བཀག་འགོག་བྱེད་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་གཙོ་ཡིན་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞི་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

ཕྱོགས་གཉིས་ཀྱིས་ད་རུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

གྲོས་མོལ་མ་བྱས་གོང་། ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་ལོས་ཐི་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ཝང་དབྱི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཞིན་ཁྲིན་སོགས་གོང་གི་འབྲེལ་ཡོད་བྱ་འགུལ་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།