ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3294f3aa4b69a887a5e04ddf117ed8b8.jpg

ཟླ4པའི་ཚེས12ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚེས་བཅུ་གཉིས་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི་ལ་མཇལ་འཕྲད་གནང་། 
ལི་ཀྲན་ཧྲུའུ་ཡིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་ཧི་ལན་གཉིས་ཀྱི་འབྲེལ་བ་འགྱུར་མྱུར་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ཆེས་གལ་ཆེ་བའི་ཉམས་མྱོང་གཙོ་བོ་ནི་ཕྱོགས་གཉིས་ཀྱིས་ཆབ་སྲིད་ཀྱི་ཡིད་ཆེས་གོ་གནས་གཙོ་བོར་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོར་བརྩི་བཀུར་བྱེད་པ། དོན་དག་གལ་ཆེན་དང་འཕེལ་རྒྱས་བགྲོད་ལམ་ལ་དོ་སྣང་བྱེད་པ། འཇམ་འཐབ་ཀྱི་བསམ་ཕྱོགས་མི་འཛིན་པར་གྲོས་མོལ་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་འགལ་བ་དང་གནད་དོན་ཐག་གཅོད་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་འགལ་གྱི་ཕྱི་འབྲེལ་མི་འཛིན་པར་གཉིས་ཕན་མཉམ་ལས་རྒྱུན་འཁྱོངས་དང་རྒྱ་བསྐྱེད་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་རང་རྒྱལ་གཞན་ཕམ་གྱི་འདོད་ཚུལ་རྩ་བ་ནས་དོར་དགོས། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཧི་ལན་གྲོས་ཁང་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་དབུ་བཞུགས་བློན་ཆེན་གཉིས་ཀྱིས་མཇལ་འཕྲད་གནང་སྐབས་བྱུང་བའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་ལག་བསྟར་བཟང་བོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་ཁྲིམས་ལུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་པ་དང་། དཔལ་འབྱོར་འཛམ་གླིང་ཅན་ལ་མཉམ་དུ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་འདོད་ཡོད་ཟེར། 
ལོས་ཐི་ཡིས་ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པའི་བྱེད་ཐབས་གལ་ཆེན་ལ་བསྟོད་བསྔགས་མཛད་པར་མ་ཟད། ཧི་ལན་ཕྱོགས་ཀྱིས་རང་དབང་ཉོ་ཚོང་ལ་རྒྱབ་སྐྱོར་བྱས་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ནང་དོན་གཙོ་བོ་ཡིན་པའི་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་སྲ་བརྟན་དུ་གཏོང་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།