ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་པའོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་ཚོགས་ལ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་པའི་འཐུས་མིའི་བཞུགས་མོལ་ལ་ཞུགས། ​

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平同出席博鳌亚洲论坛2018年年会的中外企业家代表座谈.jpg

ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧི་ནན་ཞིང་ཆེན་གྱི་པའོ་ཨོ་ནས་པའོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་ཚོགས་ལ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧི་ནན་ཞིང་ཆེན་གྱི་པའོ་ཨོ་ནས་པའོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་ཚོགས་ལ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོ་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལྗོངས་ལ་ཡིད་ཚིམས་ཡོད་ལ། ཁ་ཕྱོགས་ཀྱིས་བགྲོད་ལམ་གཏན་འཁེལ་བྱེད་པ་དང་བགྲོད་ལམ་གྱིས་ལས་དབང་གཏན་འཁེལ་བྱེད་པ་ཡིན། ཀྲུང་གོའི་ད་ལྟའི་ཁ་ཕྱོགས་ཆེན་པོ་ནི་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དེ་ཡིན། ང་ཚོ་བསྐྱོད་པའི་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་ཡིན་པ་དང་བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པའི་བགྲོད་ལམ་ཡིན་པས་ང་ཚོར་མ་འོངས་པར་ཡིད་ཆེས་བརྟན་པོ་ཡོད། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་པ་ནི་ཀྲུང་གོའི་བཅོས་སྒྱུར་འཕེལ་རྒྱས་ཀྱིས་མིའི་རིགས་ལ་བདེ་སྐྱིན་སྐྲུན་པ་དང་མཉམ་རྒྱལ་མཉམ་སྤྱོད་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐྲུལ་འདེད་གཏོང་རྒྱུ་དེ་ཡིན། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཡོད་ཚད་མངོན་གསལ་དུ་འཁོར་སྤྱོད་བྱེད་བཞིན་ཡོད་པ་དང་། ང་ཚོས་ཕྱོགས་ཁག་མི་བགར་ཞིང་བཙན་གྱིས་ཉོ་འཚོང་བྱེད་མི་རུང་། ང་ཚོས་ཨེ་ཤ་ཡ་ཤར་ལྷོའི་དཔལ་འབྱོར་ཐུན་མོང་ཚོགས་པའི་འཆར་གཞི་གཏན་འཁེལ་བྱས་ཏེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རང་མོས་ཉོ་ཚོང་ས་ཁུལ་འཛུགས་སྐྲུན་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་བཞིན་ཡོད་ཟེར།

ཐེ་གོ་ཀྲིན་ཏ་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་ཞོར་དུ་དབུ་བཞུགས་ལག་བསྟར་དཔོན་པོའི་འགན་འཁུར་མཁན་ཞེ་གོ་མེན་སོགས་ཁེ་ལས་པའི་འཐུས་མི་དགུ་ཡིས་བཞུགས་མོལ་བྱེད་སྐབས་གཏམ་བཤད། ཁོ་ཚོས་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པར་མ་ཟད། ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཐད་ལ་བྱས་རྗེས་བཞག་པར་གཟེངས་བསྟོད་བྱས། ཁོ་ཚོས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ཀྱི་ལོ་ཚོགས་འགོ་བརྩམས་པའི་མཛད་སྒོའི་སྟེང་ཁྱབ་སྒྲོག་བྱས་པའི་ཀྲུང་གོའི་སྒོ་འབྱེད་རྒྱ་སྐྱེད་པའི་བྱེད་ཐབས་རབ་དང་རིམ་པས་མི་སེམས་སྐུལ་བ་དང་། འཛམ་གླིང་ཡོངས་ལ་འཛམ་གླིང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་པའི་ཆ་འཕྲིན་བསྒྲགས། ཁོ་ཚོས་གོ་སྐབས་དམ་འཛིན་བྱས་ཏེ་ཧུར་ཐག་སྒོས་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་འཕེལ་རིམ་ཁྲོད་དུ་ཞུགས་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དང་། ཨེ་ཤ་ཡ་དང་འཛམ་གླིང་གི་དཔལ་འབྱོར་དར་རྒྱས་གོང་འཕེལ་དུ་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།