ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་འགོ་གཙོ་ལཱ་ཅ་ཏི་ལ་མཇལ་འཕྲད་གནང་།

1122662286_15233742783011n.jpg

ཟླ་བཞི་བའི་ཚེས་བཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་ཧེ་ནན་ཞིང་ཆེན་པའོ་ཨོ་རྒྱལ་མགྲོན་ཁང་ནས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་འགོ་གཙོ་ལཱ་ཅ་ཏི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་ཚེས་བཅུ་ཉིན་ཧེ་ནན་ཞིང་ཆེན་པའོ་ཨོ་རྒྱལ་མགྲོན་ཁང་ནས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་འགོ་གཙོ་ལཱ་ཅ་ཏི་ལ་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕར་སྣོན། དངུལ་ལོར་བརྟན་འཇགས་སྲུང་སྐྱོབ་བཅས་བྱེད་པའི་ཐད་ལ་བྱས་རྗེས་གལ་ཆེན་བཞག་པར་མ་ཟད། ཀྲུང་གོ་དང་ཨེ་ཤ་ཡའི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིར་རྒྱབ་སྐྱོར་བྱས་པར་བསྟོད་བསྔགས་མཛད། ཞི་ཅིན་ཕིང་གིས་ཀྲུང་གོའི་དཔལ་འབྱོར་འཁོར་བསྐྱོད་དང་གྲུབ་ཚུལ་རང་བཞིན་གྱི་གནས་ཚུལ་འཚམས་སྦྱོར་བྱས་པ་དང་། ཀྲུང་གོ་ནི་འོས་འགན་ཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་དང་རྒྱལ་སྤྱིའི་མ་ལག་སྤྱོད་པའི་འཛུགས་སྐྲུན་འཁན་དང་བྱས་རྗེས་འཇོག་འཁན་ཡིན། ང་ཚོས་མུ་མཐུད་དུ་རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་རྩ་དོན་སྲུང་སྐྱོབ་བྱེད་པར་ཤུགས་འདོན་པ་དང་རང་དབང་ཉོ་ཚོང་དང་ཉོ་ཚོང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

ལཱ་ཅ་ཏི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་བསྟུད་མར་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམ་པར་རྟེན་འབྲེལ་ཞུས་པ་ཡིན། ངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤེལ་བའི་དེ་རིང་སྔ་དྲོའི་བརྗོད་དོན་གཏམ་བཤད་དང་། ལྷག་པར་དུ་ཀྲུང་གོ་རྒྱལ་ཁབ་ཀྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་ཆ་འཕྲིན་ལ་བསྟོད་བསྔགས་ཚད་མཐོན་པོ་བྱེད་བཞིན་ཡོད་ཟེར།


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།