ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་བཟོས་པའི་ཡན་ལག་མཁའ་ལམ་ལ་འཕུར་བའི་གནམ་གྲུARJ21རླུང་འབུད་འགྲུལ་སྐྱེལ་གནམ་གྲུ་དེ་རླུང་ཆེན་ཁྲོད་ཚོད་འཕུར་ལེགས་འགྲུབ་བྱུང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

F201804091541237356700308.jpg

F201804091541284016700309.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རང་རྒྱལ་གྱིས་རང་སྟོབས་ལ་བརྟེན་ནས་ཞིབ་དཔྱད་ཀྱིས་བཟོས་པའི་གནམ་གྲུARJ21—700ལས104ཚོད་ལྟ་འཕུར་བསྐྱོད་བྱས་ཏེ་བརྟན་ལྷིང་ངང་ཞི་ཨན་ཡན་ལིའང་གནམ་ཐང་དུ་བབས་པ་དེ་ལས་གནམ་གྲུARJ21—700ཡོ་རོབ་གླིང་གི་འཁྱགས་རོམ་གླིང་ཕྲན་དུ་རླུང་ཆེན་ཁྲོད་ཚོད་འཕུར་ལེགས་འགྲུབ་བྱུང་བ་མཚོན་པ་རེད། 

F201804091541397636700310.jpg

ཐེངས་འདིའི་རླུང་ཆེན་ཁྲོད་དུ་ཚོད་འཕུར་བྱས་པ་དེས་རང་རྒྱལ་གྱི་སྐྱེལ་འདྲེན་རིགས་ཀྱི་གནམ་གྲུ་རིམ་ཚིགས30ཡན་གྱི་རླུང་ཆེན་པོའི་ནང་འཕུར་བསྐྱོད་ཚོད་ལྟའི་སྟོངས་ཆ་དེ་ཁ་བསྐངས་པ་མཚོན་ཞིང་། དེ་རང་རྒྱལ་གྱི་དམངས་སྤྱོད་གནམ་གྲུ་ཚོད་འཕུར་བྱེད་པའི་ནུས་པ་མུ་མཐུད་ནས་ཇེ་མཐོར་གཏོང་བ་ལ་མཚོན་ན་དོན་སྙིང་ཆེན་པོ་ལྡན་པས། རྗེས་མར་དམངས་སྤྱོད་གནམ་གྲུའི་རིགས་རྒྱལ་སྤྱིའི་གནམ་གྲུ་ཚོད་འཕུར་བྱ་བར་ཉམས་མྱོང་གལ་ཆེན་ཐོབ་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།