ཝང་ཆི་ཧྲན་གྱིས་སིང་ཀ་ཕོར་གྱི་ཙུང་ལི་ལིས་ཞན་ལུང་ལ་མཇལ་འཕྲད་གནང་།

11.jpg

ཟླ་བཞི་བའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆ་ཧྲན་གྱིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་སིང་ཀ་ཕོར་གྱི་ཙུང་ལི་ལིས་ཞན་ལུང་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཚེས་དགུ་ཉིན་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་སིང་ཀ་ཕོར་གྱི་ཙུང་ལི་ལིས་ཞན་ལུང་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ང་ཚོས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་མཛུབ་སྟོན་བྱས། དེང་རབས་ཅན་དུ་སྒྱུར་བའི་བརྒྱུད་རིམ་ཁྲོད་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ་དང་། མིག་རྒྱ་རྒྱ་བསྐྱེད་དེ་གཏན་ཤུགས་སྲུང་འཛིན་བྱེད་དགོས། ཀྲུང་གོའི་འཕེལ་རྒྱས་འཛམ་གླིང་དང་ཁ་བྲལ་ཐབས་མེད་ལ། འཛམ་གླིང་གི་འཕེལ་རྒྱས་ཀྲུང་གོ་དང་ཁ་བྲལ་ཐབས་མེད། དུས་རབས་གསར་བའི་སྒོ་འབྱེད་ཀྱི་འདུ་ཤེས་ལ་ནང་དོན་ཕུན་སུམ་ཚོགས་པ་ལྡན་པས། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་སྒོ་འབྱེད་སྔར་ལས་རྒྱ་སྐྱེད་རྒྱུ་རེད། ཀྲུང་གོ་དང་སིང་ཀ་ཕོར་གཉིས་ཀྱི་འབྲེལ་བར་འཐབ་ཇུས་རང་བཞིན་དང་སྔོན་དཔག་རང་བཞིན་ལྡན་པས། ཕྱོགས་གཉིས་ཀྱིས་མཉམ་ལས་གཉིས་ཕན་དང་མཉམ་རྒྱལ་གཏིང་ཟབ་ཏུ་སྤེལ་དགོས། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་ཕྱོགས་དང་ཕན་ཚུན་བར་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ལིས་ཞན་ལུང་གིས་བཤད་རྒྱུར། ཀྲུང་གོ་དང་སིང་ཀ་ཕོར་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་བཟང་བོ་བྱུང་ཡོད། སིང་ཀ་ཕོང་ཕྱོགས་ཀྱིས་ཀྲུང་གོས་འཛམ་གླིང་གི་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པའི་ཁྲོད་ནུས་པ་བཟང་བོར་བཏོན་པར་བསྟོད་བསྔག་བྱས་པ་ཡིན་ལ། ཀྲུང་གོ་ཕྱོགས་དང་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།