ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强会见联合国秘书长古特雷斯.jpg

ཟླ་བཞི་བའི་ཚེས་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བརྒྱད་ཉིན་པེ་ཅིན་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང།

ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་པའི་གནས་བབ་སྲུང་འཛིན་བྱས་ཡོད་ལ། སྣ་གཅིག་རིང་ལུགས་དང་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ཀྱི་མགོ་འབུས་ནས། བདེ་འཇགས་མིན་པ་དང་ངེས་གཏན་མིན་པའི་རྒྱུ་རྐྱེན་སྔར་བཞིན་འབུར་དུ་ཐོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁྱེད་གཉིས་ཀྱིས་དེང་སྐབས་རྒྱལ་སྤྱིའི་གནས་བབ་ཐད་ནས་དགོངས་འཆར་བརྗེ་རེས་མཛད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཉོ་ཚོང་དང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་སྒྱུར་བར་མཉམ་དུ་རྒྱབ་སྐྱོར་བྱེད་རྒྱུ་དང་། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱས་ནས། དཔལ་འབྱོར་འཛམ་གླིང་ཅན་དེ་སྔར་ལས་སྒོ་འབྱེད་དང་བཟོད་སྒོམ། ཀུན་ཕན། འདྲ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་སྒྱུར་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ནུས་པ་གཙོ་བོར་རྒྱབ་སྐྱོར་བྱས་ནས། འཛུགས་སྐྲུན་རང་བཞིན་གྱི་སྒོ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བའི་ཁྲོད་མུ་མཐུད་དུ་ཞུགས་ཏེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་ལ་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་ཟེར།

ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར། དེང་སྐབས་དཔལ་འབྱོར་འཛམ་གླིང་ཅན་དུ་སྒྱུར་བའི་ཁྲོད་འཕྲད་པའི་དཀའ་ཁག་སྣ་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་བརྟེན་ནས་ཐག་གཅོད་བྱེད་མི་ཐུབ་ལ། རྒྱལ་སྤྱིའི་མཉམ་ལས་དང་ཕྱོགས་མང་རིང་ལུགས་ལ་བརྟེན་ནས་དེར་ཁ་གཏད་འཇལ་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་ཕྱོགས་མང་རིང་ལུགས་མ་ལག་ཁྲོད་ཀྱི་ནུས་པ་བཟང་བོར་གཟེངས་བསྟོད་ཆེན་པོ་བྱེད་པར་མ་ཟད། ཀྲུང་གོའི་བར་གྱི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།