ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བློ་མཐུན་དབྱང་ཧན་ཅུན་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་རྩ་འཛུགས་བྱ་བའི་ལས་བྱེད་པའི་མཚན་སྙན་གནང་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཏང་ཨུའི་སྔོན་ཆད་ཀྱི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་བློ་མཐུན་དབྱང་ཧན་ཅུན་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་རྩ་འཛུགས་བྱ་བའི་ལས་བྱེད་པའི་མཚན་སྙན་གནང་རྒྱུ་མ་ཟད། རྩ་འཛུགས་ཁོངས་གཏོགས་ཀྱིས་བློ་མཐུན་དབྱང་ཧན་ཅུན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་རྒྱ་ཆེར་སྤེལ་རྒྱུ་གཏན་འཁེལ་བྱས།

གཏན་འཁེལ་ནང་དུ་བློ་མཐུན་དབྱང་ཧན་ཅུན་གྱིས་རྩ་འཛུགས་བྱ་བ་བསྒྲུབས་ནས་ལོ་སུམ་ཅུ་ལྷག་འགོར་སོང་བ་དང་། ཁོས་དུས་དང་རྣམ་པ་ཀུན་ཏུ་ཏང་ལ་བློ་དཀར་ཞིང་སྒེར་སེམས་མེད་པར་བྱས་རྗེས་བཞག་པ་དང་། དཀའ་སྤྱད་སྡུག་རུས་སྒོས་བྱ་བ་བསྒྲུབས་པ་ནི་སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོའི་བྱ་འགུལ་ཁྲོད་དུ་བྱུང་བའི་སྔོན་ཐོན་དཔེ་ལེགས་ཅན་ཡིན་པ་དང་དུས་རབས་གསར་བའི་རྩ་འཛུགས་བྱ་བའི་ལས་བྱེད་པའི་ཕུལ་བྱུང་འཐུས་མི་ཡིན་ཞེས་བཀོད་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།