ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་དྲངས་པ་ལྟར་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2018ལོའི་ལོ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ཝང་དབྱི་ཡིས་ཟླ་བཞི་བའི་ཚེས་གསུམ་ཉིན་ཕྱི་འབྲེལ་པུའུ་ཡིས་བསྡུས་པའི་རྒྱལ་ཁབ་ཕྱི་ནང་གི་སྨྱན་བྱད་ལ་གནས་ཚུལ་སྒྲོག་པའི་གྲོས་ཚོགས་སྟེང་ཁྱབ་སྒྲོག་བྱས་པ་ལྟར་ན།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་དྲངས་པ་ལྟར་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2018ལོའི་ལོ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུར་མ་ཟད་གསུང་བཤད་གལ་ཆེན་གནང་རྒྱུ་དང་། གླེང་སྟེགས་སུ་ཞུགས་པའི་ཕྱི་རྒྱལ་གྱི་འགོ་གཙོ་དང་སྲིད་གཞུང་གི་འགོ་གཙོ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་བཅས་ལ་མཇལ་འཕྲད་གནང་རྒྱུ་ཡིན་ལ། དེ་དང་མཉམ་དུ་གླེང་སྟེགས་ཀྱི་ལས་འཛིན་འགོ་གཙོ་ལ་མཇལ་འཕྲད་གནང་རྒྱུ་རེད། དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ཆ་ནས་ཐེངས་གསུམ་པར་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་སུ་ཞུགས་པ་ཡིན་ལ། དེས་ཀྲུའུ་ཞི་ཞི་ཅིན་ཕིང་རང་ཉིད་དང་ཀྲུང་གོ་སྲིད་གཞུང་གིས་གླེང་སྟེགས་ལ་ཧ་ཅང་མཐོང་ཆེན་དང་རྒྱབ་སྐྱོར་ཆེན་པོ་བྱས་པ་མཚོན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།