རྩ་ཁྲིམས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས་པ་དང་ལེ་ཀྲན་ཧྲུའུ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན། རྩ་ཁྲིམས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལེ་ཀྲན་ཧྲུའུ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ལེ་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་གྲོས་འཆམ་བྱུང་བའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་དེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་པ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཟེར།

ལེ་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། རྩ་ཁྲིམས་སློབ་སྦྱོང་དང་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ་ནི་རྩ་ཁྲིམས་ལག་བསྟར་བྱེད་པའི་རྨང་གཞི་གལ་ཆེན་ཡིན་པས། ཏང་ཡོན་འགོ་ཁྲིད་ལས་ཁྲིད་པ་ཞེས་པའི་གནད་འགག་གི་ཉུང་ཤོས་དེ་དམ་འཛིན་བྱེད་དགོས་པ་དང་། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་རྩ་ཁྲིམས་ལ་བརྩི་འཇོག་དང་རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་བརྩི་སྲུང་། རྩ་ཁྲིམས་སྲུང་སྐྱོབ། རྩ་ཁྲིམས་བཀོལ་སྤྱོད་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། རྩ་ཁྲིམས་རིགས་གཞུང་ཞིབ་འཇུག་ལ་ཤུགས་བསྣན་ནས་རང་རྒྱལ་རྩ་ཁྲིམས་ཀྱི་དུས་རབས་ཁྱད་ཆོས་དང་ལག་ལེན་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་དགོས། རྩ་ཁྲིམས་དྲིལ་སྒྲོག་སློབ་གསོའི་རྣམ་པ་ཕུན་སུམ་ཚོགས་པར་བཏང་ནས་རྩ་ཁྲིམས་དེ་རྒྱུན་ལྡན་འཚོ་བའི་ཁྲོད་དང་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པར་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།