ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཀྲུང་གོ་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་སུ་ཞུགས་པའི་ཕྱི་རྒྱལ་གྱི་འཐུས་མིར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

508af51128da39805df956c3606be242.jpg

ཟླ3པའི་ཚེས26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ནས་ཀྲུང་གོ་འཕེལ་རྒྱས་གླེང་སྟེགས་ཀྱི2018ལོའི་ལོ་ཚོགས་སུ་ཞུགས་པའི་ཕྱི་རྒྱལ་གྱི་འཐུས་མིར་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་བཞུགས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་དྲུག་ཉིན་པེ་ཅིན་ནས་ཀྲུང་གོ་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི་ལོ་ཚོགས་སུ་ཞུགས་པའི་ཕྱི་རྒྱལ་གྱི་འཐུས་མིར་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་བཞུགས་མོལ་མཛད། འཛམ་གླིང་གི་སྟོབས་ལྡན་ཁེ་ལས་ལྔ་བརྒྱའི་འགན་ཁུར་བ་དང་རྒྱལ་སྤྱིའི་མིང་གྲགས་ཆེ་བའི་རིག་གཞུང་ཞིབ་འཇུག་ལས་ཁུངས་ཀྱི་ཆེད་མཁས་པ་དང་རིག་གནས་པ། རྒྱལ་སྤྱིའི་རྩ་འཛུགས་གཙོ་བོའི་འཐུས་མི་བཅས་བརྒྱ་ལྷག་གྲོས་ཚོགས་སུ་ཞུགས།

ལིས་ཁི་ཆང་གིས་ཀུ་ཤི་ཀུང་ཟི་དང་རི་ལི་ཀྲུའུ་ཧྲི་ཚོགས་པ། ཀུའུ་ཀི་ཀུང་ཟི། ཅན་ཆའོ་སློབ་ཆེན་སོགས་ལས་ཁུངས་ཀྱི་འགན་ཁུར་བ་སོ་སོའི་དྲི་བར་རེ་རེ་བཞིན་ལན་བཏབ།

ལིས་ཁི་ཆང་གིས་གསུངས་རྒྱུར། ཕྱི་ཕྱོགས་སྒོ་འབྱེད་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཡིན། ད་ལོ་ནི་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་ལོན་པའི་ལོ་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག ཀྲུང་གོས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་རྒྱུ་རེད། དེ་ཀྲུང་གོ་རང་སྟེང་གི་འཕེལ་རྒྱས་ཀྱི་ཁེ་ཕན་དང་མཐུན་ལ། རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་ཡོངས་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བར་ཡང་ཕན། ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་སྔར་ལས་རྒྱ་བསྐྱེད་རྒྱུ་ཡིན་པས། ང་ཚོས་ཕྱི་རྒྱལ་གྱི་སྔོན་ཐོན་ལག་རྩལ་དང་དོ་དམ་ཉམས་མྱོང་དཔྱད་གཞིར་བཟུང་སྟེ། ཐོན་རྫས་དང་ཤེས་བྱ། ལག་རྩལ། ཞབས་ཞུ་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། 2025ལོའི་ཀྲུང་གོ་བཟོ་སྐྲུན་ཞེས་པ་ནི་སྒོ་འབྱེད་ཀྱི་ཁོར་ཡུག་ཁྲོད་དེར་སྐུལ་འདེད་གཏོང་བ་དང་། ཕྱི་དངུལ་ཁེ་ལས་ལ་ལྟ་སྟངས་གཅིག་མཚུངས་བཟུང་ཡོད་པ་དེ་ཡིན། ང་ཚོས་བཙན་ཤེད་ཀྱིས་ཕྱི་རྒྱལ་གྱི་ཁེ་ལས་ལ་ལག་རྩལ་བརྒྱུད་འཚོང་བྱེད་དུ་འཇུག་མི་སྲིད་ལ། ཤེས་བྱའི་ཐོན་དངོས་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་རྒྱུ་ཡིན། འགྲན་རྩོད་ནུས་ཤུགས་ཡོད་པའི་རྒྱལ་སྤྱིའི་ཕུལ་བྱུང་ཁེ་ལས་སྔར་ལས་མང་པོ་ཀྲུང་གོར་ཡོང་སྟེ་མཉམ་ལས་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་སྤྱོད་འཕེལ་རྒྱས་ཀྱི་གོ་སྐབས་གསར་གཏོད་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།

གྲོས་ཚོགས་སུ་ཞུགས་པའི་ཕྱི་རྒྱལ་ཕྱོགས་ཀྱི་འཐུས་མིས་ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་སྔར་ལས་མང་པོའི་འཕེལ་རྒྱས་ཀྱི་གོ་སྐབས་བསྐྲུན་སྲིད་པར་ཡིད་ཆེས་ཡོད་ལ། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་གོ་རིམ་ཁྲོད་ཞུགས་ཏེ། གཉིས་ཕན་མཉམ་རྒྱལ་སྔར་ལས་མངོན་འགྱུར་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཧི་ལིས་ཧྥུན་གོང་གི་བྱ་འགུལ་ཁྲོད་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།