ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

cf2e1bf2f81b9759bcccbfcba7e3b640.jpg

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲིན་ཞི་དང་ཝང་ཁྲིན། ཚའོ་ཅན་མེན། ཀྲང་ཁྲུན་ཞན། ཧྲིན་ཡེའོ་ཡེའོ། ཅི་པེན་ཞོན། ཨེ་ལེ་ཀུན་དབྱི་མེན་པ་ཧེ། ཝན་ཨི་ཞང་། ཁྲིན་ཀྲུའུ་བཅས་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་ལ་མི་བརྒྱ་དང་དགུ་བཅུ་ཞུགས་དགོས་པ་དང་མི་བརྒྱ་དང་དགུ་བཅུ་ཚོགས་ཐོག་ཏུ་འབྱོར་བས། བཅའ་ཁྲིམས་ཀྱི་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།

ཟླ་གསུམ་པའི་ཚེས་དགུ་ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་ལ་གྲོས་ཞིབ་ནན་མོ་བྱས་པ་དང་། འཐུས་མི་རྣམས་ཡོངས་ཁྱབ་ཏུ་དེར་མོས་མཐུན་བྱུང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་གྲོས་གཞི་ལ་བརྡས་ཐག་གཅོད་པའི་མ་ཡིག་བཏོན་པ་དང་། ཀྲུའུ་ཞི་ཚོགས་པར་གྲོས་ཞིབ་བྱེད་པར་སྤྲད།

གྲོས་ཚོགས་ནས་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཁྲིམས་གཞི་ཚན་ཁག་གི་ཚན་གཙོ་ཧྲིན་ཁྲུན་ཡའོ་ཡིས་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་མངགས་བཅོལ་ལྟར་ཕུལ་བའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན། གྲོས་ཚོགས་ནས་བརྡས་ཐག་བཅད་དེ། གྲོས་ཞིབ་བྱས་པའི་གནས་ཚུལ་གྱི་ཡར་ཞུ་དང་འཆར་ཟིན་གྱི་གྲོས་གཞི་ལ་བརྡས་ཐག་གཅོད་པའི་མ་ཡིག ཀྲུའུ་ཞི་ཚོགས་པའི་སྤྱི་བསྒྲགས་མ་ཡིག་བཅས་འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་བཅའ་ཁྲིམས་ཀྱི་གཏན་ཁེལ་གཞིར་བཟུང་ནས། ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡིས་ཚོགས་ཆེན་གྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་པའི་ཆོད་དོན་འཆར་ཟིན་ཚབ་འབྲི་བྱས་པ་དང་། གྲོས་ཚོགས་ནས་བརྡས་ཐག་བཅད་དེ་འཆར་ཟིན་དེ་འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

གྲོས་ཚོགས་ནས་བརྡས་ཐག་བཅད་དེ། ཚོགས་ཆེན་གྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་གདམ་མི་ལ་བརྡས་ཐག་གཅོད་པའི་བྱེད་ཐབས་འཆར་ཟིན་དེ་འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་བསྡོམས་པས་འདེམ་ཤོག་ལྟ་སྐུལ་པའི་གདམ་མི་སོ་ལྔ་བདམས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་ཞིབ་འཇུག་བྱས་རྗེས། འདེམ་ཤོག་སྤྱིའི་ལྟ་སྐུལ་པའི་གྲོས་གཞིའི་གདམ་མི་བཏོན། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ནས་བརྡས་ཐག་བཅད་དེ་འདེམ་ཤོག་སྤྱིའི་ལྟ་སྐུལ་པ་དང་འདེམ་ཤོག་ལྟ་སྐུལ་པའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་ནས། ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་བརྡས་ཐག་གཅོད་པར་སྤྲོད་རྒྱུའི་ཐག་བཅད། འདེམ་ཤོག་སྤྱིའི་ལྟ་སྐུལ་པ་དང་འདེམ་ཤོག་ལྟ་སྐུལ་པས་ཀྲུའུ་ཞི་ཚོགས་པའི་འགོ་ཁྲིད་འོག་ཏུ། འདེམ་ཤོག་འཕངས་ཏེ་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བརྡས་ཐག་གཅོད་པ་དང་། རྒྱལ་ཁབ་ལས་ཁུངས་ཀྱི་གྲུབ་མི་འདེམ་བསྐོ་དང་ཐག་གཅོད་བསྐོ་འཇོག་བྱེད་པའི་འདེམ་ཤོག་དང་འདེམ་ཤོག་འཕེན་པ། འདེམ་ཤོག་བརྩི་བའི་བྱ་བར་ལྟ་སྐུལ་བྱེད་རྒྱུ་རེད།

རྒྱལ་ཡོངས་དམངས་ཆེན་གྱི་གྲོས་སྡུར་སྒྲིག་སྲོལ་གྱི་གཏན་ཁེལ་ལྟར་ན། རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ཚོགས་ཆེན་གྱི་སྐབས་སུ་ལྟ་ཞིབ་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་དང་། རྒྱལ་དམངས་དཔ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལ་ཞིབ་བཤེར། ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལ་ཞིབ་བཤེར་བཅས་བྱེད་དགོས། གྲོས་ཚོགས་ནས་བརྡས་ཐག་བཅད་དེ། འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་གདམ་མི་འཐུས་ཚབ་ཚོགས་པ་སོ་སོར་གྲོས་སྡུར་བྱེད་པར་སྤྲོད་རྒྱུའི་ཐག་བཅད།  །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།