ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཉིང་ཞ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

55c7bf4ca7ff72d7621d347c58a0266c.jpg

 ཟླ་གསུམ་པའི་ཚེས་བཅུ་ཉིན།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཉིང་ཞ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་བཅུ་ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཉིང་ཞ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

འཐུས་མི་ཧྲི་ཐེ་ཧྥིན་དང་ཞན་ཧོས། མཱ་ཧོས་ཅོན་སོགས་ཀྱིས་གཏམ་བཤད་པར་ཉན་རྗེས། ལིས་ཁི་ཆང་གིས་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་ཡོངས་སུ་མོས་མཐུན་བྱུང་ཡོད་ཅེས་བསྟན། ཁོས་གིས་གསུངས་རྒྱུར། ཉིང་ཞ་ནི་ནུབ་རྒྱུད་ཀྱི་མི་རིགས་ས་ཁུལ་ཡིན་ལ། འདས་པའི་ལོ་ལྔའི་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཀུན་གྱིས་ཡིད་སྨོན་བྱེད་བཞིན་ཡོད། ཉིང་ཞས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་བཀོད་སྒྲིག་དངོས་འབེབས་བཟང་པོ་བྱེད་པ་དང་། ནང་ལོག་གི་བཅོས་སྒྱུར་སྒོ་འབྱེད་ཀྱི་མཐོ་ས་གསར་པ་སྐྲུན་པ། སྒོ་འབྱེད་དང་དོ་དམ། ཞབས་ཞུ་བཅས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ། ཁྲོམ་རའི་གཙོ་གཞིའི་གསོན་ཤུགས་སྔར་ལས་བཟང་པོར་བསྐྱེད་པ་བཅས་བྱས་ཏེ། མང་ཚོགས་ཀྱིས་དོན་དག་སྒྲུབ་པར་སྟབས་བདེ་མང་པོ་བསྐྲུན་དགོས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་སྤེལ་བ་དང་། རྗེས་ནུས་ཀྱི་ཐོན་ནུས་འདོར་བ། སྔོན་ཐོན་གྱི་ཐོན་ནུས་རྒྱ་བསྐྱེད་པ། སྔོན་ཐོན་གྱི་གསར་བཟོ་ལས་རིགས་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ཏེ་སྒུག་ནུས་གསར་པ་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱེད་དགོས། དམངས་ཚིས་ལ་ཧུར་ཐག་གིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་གི་རྒྱལ་ཁ་ལེན་པ། སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏོང་བ། འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱེད་པ་དང་གཞི་རིམ་གྱི་རིག་གནས་སྒྲིག་ཆས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ། མཉམ་འབྲེལ་དྲ་སྣོན་གྱི་སྨན་བཅོས་དང་སློབ་གསོ་སོགས་གོང་འཕེལ་དུ་གཏོང་བ་བཅས་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་ལོ་རེ་ལས་ལོ་རེར་ཇེ་སྐྱིད་དུ་གཏོང་དགོས་ཟེར།   །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།