ཀྲུང་གོ་བོད་ཀྱི་དྲ་བ།

གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་རྗེས་དྲན་དང་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

833c9af96cc6da64d51bc5eb4e597717.jpg

ཟླ3པའི་ཚེས8ཉིན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་པེ་ཅིན་ནས་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་རྗེས་དྲན་དང་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་བུད་མེད་དཔེ་ལེགས་ཅན་ལ་བྱ་དགའ་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས་བརྒྱད་ཉིན་པེ་ཅིན་ནས་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་རྗེས་དྲན་དང་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་བུད་མེད་དཔེ་ལེགས་ཅན་ལ་བྱ་དགའ་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་ཚོགས་ཆེན་ལ་ཞུགས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྲིན་ཡེའོ་ཡེའོ་ཡིས་ཚོགས་ཆེན་སྟེང་གཏམ་བཤད།

ཚོགས་ཆེན་སྟེང་རྒྱལ་ཡོངས་གསུམ་བརྒྱད་དར་དམར་སྒྲེང་བའི་དཔེ་ལེགས་ཅན་བཅུ་དང་གསུམ་བརྒྱད་དར་དམར་སྒྲེང་མཁན་ཉིས་བརྒྱ་དང་གོ་དགུ རྒྱལ་ཡོངས་གསུམ་བརྒྱད་དར་དམར་སྒྲེང་བའི་སྔོན་ཐོན་ཐུན་མོང་ཉིས་བརྒྱ་བཅས་ལ་གཟེངས་བསྟོད་བྱས། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་བུད་མེད་དཔེ་ལེགས་ཅན་གྱི་འཐུས་མི་ཡུས་ལིག་ཧྥིན་དང་ཡུས་ལིས་ན། ལེང་ཅན་དབྱིན་བཅས་ཀྱིས་ཚོགས་ཆེན་སྟེང་གཏམ་བཤད།

ཚོགས་ཆེན་སྟེང་རྒྱ་ཆེའི་བུད་མེད་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་གནམ་གྱི་ཕྱེད་ཀའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་གྱིས་བསྟན།

རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཡི་ཧྲུའུ་ཅི། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་སུང་ཞིག་ཡན་གྱིས་ཚོགས་ཆེན་ལ་འགོ་འཛིན་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།