ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་གྲངས་ཉུང་མི་རིགས་ལས་རིགས་ཀྱི་ཨུ་ཡོན་དང་མཉམ་དུ་རྒྱལ་དོན་ལ་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

7d35a3c6dd14054c5ff2ecf8636668ac.jpg

ཟླ3པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་འགོ་འཛིན་པ་ཝང་དབྱང་གྲངས་ཉུང་མི་རིགས་ལས་རིགས་ཀྱི་ཨུ་ཡོན་གྱི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་སུ་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་འགོ་འཛིན་པ་ཝང་དབྱང་ཚེས6ཉིན་གྲངས་ཉུང་མི་རིགས་ལས་རིགས་ཀྱི་ཨུ་ཡོན་གྱི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་སུ་ཞུགས། ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་ཞིབ་ཏུ་ཉན་རྗེས། ཝང་དབྱང་གིས་གསུངས་རྒྱུར། རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་པོའི་རྒྱལ་ཁབ་ཅིག་ཡིན་ལ། མི་རིགས་ང་དྲུག་གི་ཨུ་ཡོན་རྒྱལ་ཡོངས་སྲིད་གྲོས་སུ་ཞུགས་ཡོད། ས་གནས་མི་གཅིག་པ་དང་མི་རིགས་མི་གཅིག་པའི་ཨུ་ཡོན་རྣམས་མཉམ་དུ་འཛོམས་ནས་མང་ཚོགས་ཀྱི་རེ་འདུན་ཡར་ཞུ་བྱེད་པ་དང་། སྲིད་ཞུགས་སྲིད་གྲོས་བྱེད་པ། མཉམ་དུ་རྒྱལ་དོན་ལ་གྲོས་མོལ་བྱེད་པ་བཅས་ལས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དངོས་སུ་མཚོན་པར་བྱས་ཡོད་པས། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་མི་རིགས་སྲིད་ཇུས་བློ་བརྟན་འགྱུར་མེད་སྒོས་ལག་ལེན་མཐར་ཕྱིན་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་བློ་བརྟན་འགྱུར་མེད་སྒོས་རྒྱུན་འཁྱོངས་བྱེད་དགོས་ལ། མི་རིགས་ས་ཁུལ་གྱི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་ལེན་པའི་བྱ་བ་གཙོ་བོ་བཟང་བོར་བསྒྲུབ་སྟེ། སྟོབས་ཤུགས་ཡོད་རྒུས་གནད་འཁེལ་དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་སྒྲུབ་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་བཅངས་ཏེ། མི་རིགས་སོ་སོའི་བར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱེད་པར་ཤུགས་སྣོན་དགོས་པར་མ་ཟད། ཁྲིམས་ལྟར་མི་རིགས་ལས་དོན་ལ་དོ་དམ་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བ་དང་། མི་རིགས་སོ་སོ་འཆམ་མཐུན་མཉམ་གནས་དང་སྐྱིད་སྡུག་མཉམ་མྱོང་། འཆམ་མཐུན་འཕེལ་རྒྱས་བཅས་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།