ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་ལས་རིགས་ཀྱི་ཨུ་ཡོན་དང་མཉམ་དུ་རྒྱལ་དོན་ལ་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

b32e8153b1cb05600477f41b020bcb69.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞིའི་ཚོགས་པའི་གྲོས་ཚོགས་ཀྱི་འགོ་འཛིན་པ་ཝང་དབྱང་ཚེས་བཞི་ཉིན་ཀྲུང་གོ་གུང་ཁྲན་ཏང་ལས་རིགས་ཀྱི་ཨུ་ཡོན་གྱི་ཚན་ཆུང་མཉམ་འབྲེལ་གྱི་གྲོས་ཚོགས་ལ་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞིའི་ཚོགས་པའི་གྲོས་ཚོགས་ཀྱི་འགོ་འཛིན་པ་ཝང་དབྱང་ཚེས་བཞི་ཉིན་ཀྲུང་གོ་གུང་ཁྲན་ཏང་ལས་རིགས་ཀྱི་ཨུ་ཡོན་གྱི་ཚན་ཆུང་མཉམ་འབྲེལ་གྱི་གྲོས་ཚོགས་ལ་ཞུགས། ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་ཞིབ་ཏུ་ཉན་རྗེས། ཝང་དབྱང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པའི་དམིགས་འབེན་རླབས་ཆེན་གཏན་འཁེལ་བྱས་ནས། མི་དམངས་སྲིད་གྲོས་ཀྱི་བྱ་བར་རེ་བ་སྔར་ལས་ནན་མོ་བཏོན་པས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩི་དགོས་ལ། ཏང་གི་སྲིད་གྲོས་བྱ་བའི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་ལས་རིགས་ཀྱི་ཨུ་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱེད་པ། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱས་ནས། གྲོས་མོལ་བྱེད་པའི་ཁྲོད་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། གྲོས་མོལ་བྱེད་པའི་ཁྲོད་མཐུན་སྒྲིལ་ཇེ་དམ་དུ་གཏོང་བ། གྲོས་མོལ་བྱེད་པའི་ཁྲོད་ཏང་གི་འགོ་ཁྲིད་མངོན་འགྱུར་བྱེད་དགོས། ཏང་ཕྱིའི་མི་སྣ་བར་གྱི་མཉམ་ལས་ལ་ཤུགས་སྣོན་དགོས། འགན་འཁྲི་ལག་བསྟར་བྱེད་པའི་ནུས་པ་ཁྱོན་ཡོངས་ནས་ཇེ་ཆེར་གཏོང་བ་དང་། སློབ་སྦྱོང་ལ་གཙིགས་འཛིན་བྱེད་པ། བརྟག་དཔྱད་ཞིབ་འཇུག་བྱེད་པའི་ཀུན་སྤྱོད་དར་སྤེལ་བྱེད་དགོས་པར་མ་ཟད། གྲོས་མོལ་བྱེད་ཤེས་པ་དང་གྲོས་མོལ་བྱེད་མཁས་པ། སྒྲིག་ལམ་བརྩི་བ། སྒྲིག་སྲོལ་སྲུང་བ། ཀུན་སྤྱོད་གཙོར་འཛིན་པ་བཅས་ཀྱི་ཐད་དཔེ་སྟོན་བྱེད་དགོས་ཞེས་ནན་གྱིས་གསུངས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།