ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧུའུ་ཉིང་གིས་སློབ་གསོ་དང་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་ཨུ་ཡོན་དང་མཉམ་དུ་རྒྱལ་དོན་ལ་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༥.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚེས་བཞི་ཉིན་སློབ་གསོ་དང་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་ཨུ་ཡོན་གྱི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་སུ་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚེས་བཞི་ཉིན་སློབ་གསོ་དང་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་ཨུ་ཡོན་གྱི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་སུ་ཞུགས། ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་ཞིབ་ཏུ་ཉན་རྗེས། ཝང་ཧུའུ་ཉིང་གིས་གསུངས་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོ་དང་གསར་འགྱུར་དཔེ་སྐྲུན་ཁྱབ་ཁོངས་ཀྱི་ཁ་ཕྱོགས་རང་བཞིན་དང་གཞི་རྩའི་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་གནད་དོན་ཐད་ལ་བཀོད་སྒྲིག་གལ་ཆེན་གནང་སྟེ། སློབ་གསོ་དང་གསར་འགྱུར་དཔེ་སྐྲུན་བྱ་བའི་རྣམ་པ་གསར་བ་གསར་གཏོད་བྱེད་པར་མཛུབ་སྟོན་དང་སྐུལ་འདེད་བཏང་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱས་ནས། ལས་བྱེད་པ་དང་མང་ཚོགས་ཀྱི་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲོག་ཤིང་ལ་སྲུང་སྐྱོབ་དང་སྲོག་ཤིང་ལ་གོང་བཀུར་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། རང་རྒྱལ་གྱི་སློབ་གསོའི་ལས་དོན་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་། གསར་འགྱུར་དཔེ་སྐྲུན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སློབ་གསོ་དང་གསར་འགྱུར་དཔེ་སྐྲུན་ཁྱབ་ཁོངས་ཀྱི་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཁ་ཕྱོགས་རྒྱུན་འཁྱོངས་བཟང་བོ་བྱེད་པ་དང་གཡུལ་ས་དམ་སྲུང་བྱེད་པ། དཔུང་སྡེ་སྣེ་ཁྲིད་བཟང་བོ་བྱེད་དགོས་ཟེར།

ཝང་ཧུའུ་ཉིན་གྱིས་སློབ་གསོ་དང་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་ཨུ་ཡོན་གྱིས་རིག་གནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་བཟང་བོ་བྱས་ནས། མི་སྣ་སྐྱེད་སྲིང་ནུས་པ་སྔར་ལས་འདོན་སྤེལ་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།