ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྱི་ཨུ་ཡོན་དང་མཉམ་དུ་རྒྱལ་དོན་ལ་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཧན་ཀྲིན་ཚེས་བཞི་ཉིན་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྱི་ཨུ་ཡོན་གྱི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་སུ་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཧན་ཀྲིན་ཟླ་གསུམ་པའི་ཚེས་བཞི་ཉིན་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྱི་ཨུ་ཡོན་གྱི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་སུ་ཞུགས། ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་ཞིབ་ཏུ་ཉན་རྗེས། ཧན་ཀྲིན་གྱིས་གསུངས་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་འཕེལ་རྒྱས་སུ་གཏོང་དགོས་ན། བསམ་བློ་དང་ཆབ་སྲིད་གཞུང་ལུགས་གི་སློབ་སྦྱོང་ལ་གཙིགས་འཛིན་བྱེད་པ་གོ་གནས་གལ་ཆེན་ཏུ་བཞག་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་བློ་བརྟན་འགྱུར་མེད་སྒོས་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བར་དམིགས་ནས། མི་དམངས་སྲིད་གྲོས་ཞེས་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་གྲོས་མོལ་གྱི་ཐབས་ལམ་གཙོ་བོ་དང་ཆེད་དོན་གྲོས་མོལ་ལས་ཁུངས་དེ་བཀོལ་སྤྱོད་བཟང་བོ་བྱེད་དགོས་པར་མ་ཟད། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དྲང་ཕྱོགས་ཀྱི་ནུས་ཚད་ཡོངས་ཁྱབ་ཏུ་གཅིག་བསྡུ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།